འཚོལ་བཤེར།   
藏文频道
2018ལོའི་ཟླ་4ཚེས་9ཉིན།
  • མི་དམངས་དྲ་བ།

    ༄༅།།ཁྱོན་མ་དངུལ་སྒོར་ཁྲི་3780བཏང་བའི་རྔ་པ་རྫོང་གི་མེ་ཏོག་གླིང་གའི་སྤང་ཐང་སྤྱི་གླིང་
    འཛུགས་སྐྲུན་གྱི་ཐེངས་གཉིས་པའི་ལས་གཞི་ཡོངས་སུ་སྐྲུན་འགོ་ཚུགས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 04ཚེས་09ཉིན། 15:52】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
    ༄༅།།ཁྱོན་མ་དངུལ་སྒོར་ཁྲི་3780བཏང་བའི་རྔ་པ་རྫོང་གི་མེ་ཏོག་གླིང་གའི་སྤང་ཐང་སྤྱི་གླིང་
འཛུགས་སྐྲུན་གྱི་ཐེངས་གཉིས་པའི་ལས་གཞི་ཡོངས་སུ་སྐྲུན་འགོ་ཚུགས་པ།
         མི་དམངས་དྲ་བའི་འཕྲིན། ཉེ་ཆར། ཁྱོན་མ་དངུལ་སྒོར་ཁྲི་3780བཏང་བའི་རྔ་པ་རྫོང་གི་མེ་ཏོག་གླིང་གའི་སྤང་ཐང་སྤྱི་གླིང་འཛུགས་སྐྲུན་གྱི་ཐེངས་གཉིས་པའི་ལས་གཞི་ཡོངས་སུ་སྐྲུན་འགོ་ཚུགས་པ་རེད། མེ་ཏོག་གླིང་གའི་སྤང་ཐང་་སྤྱི་གླིང་ནི་རྒྱལ་རོང་རྒྱལ་མོ་རྔུལ་ཆུའི་སྟོད་རྒྱུད་ཀྱི་ཤར་འབྱུང་ཨ་ཆུའི་དབུས་རྒྱུད་དང་སྟོད་རྒྱུད་སུ་ཡོད་ཅིང་། སྤྱིའི་རྒྱ་ཁྱོན་ལ་སྤྱི་ཆིང་2584.23ཡོད་ལ། སྤང་ཐང་་སྤྱི་གླིང་དེར་རྔ་པ་རྫོང་གྲོང་གི"གྲོང་ཁྱེར་གྱི་མཁལ་མ"ཞེས་བརྗོད་ཅིང་། རྔ་པའི་རྫོང་གྲོང་དང་མཐའ་སྐོར་དང་གྲོང་རྡལ་གྱི་འཐུང་ཆུའི་ཆུ་ཁུངས་གལ་ཆེན་ཞིག་ཡིན། སྤྱི་གླིང་འཆར་འགོད་འཛུགས་སྐྲུན་གྱི་ནང་དུ་ཁོར་ཡུག་སྲུང་སྐྱོང་དང་། སྤང་ཐང་ཉམས་གསོ། སྔོ་སྐྱེས་སླར་གསོ། སྲུང་སྐྱོང་དོ་དམ་སྒྲིག་བཀོད་སོགས་འདུས་ཡོད། ལས་གཞི་དེ་སྔོན་དཔག་བྱས་ན་ད་ལོའི་ཟླ་6པར་ལས་མཇུག་འགྲིལ་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།