འཚོལ་བཤེར།   
藏文频道
2018ལོའི་ཟླ་4ཚེས་9ཉིན།
  • མི་དམངས་དྲ་བ།

    ༄༅།།ཐི་རོམ་ཕུ་ཁང་ཆེན་ལ་མེ་སྐྱོན་བྱུང་ནས་མི་1གྲོངས་པ་དང་མི་4ལ་རྨས་ཕོག་ཡོད་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 04ཚེས་09ཉིན། 15:16】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་7ཉིན། ཨ་རིའི་སྲིད་འཛིན་ཐི་རོམ་ཕུ་ཡི་མིང་བཏགས་ཡོད་པའི་ཐི་རོམ་ཕུ་ཁང་ཆེན་ལ་མེ་སྐྱོན་བྱུང་ནས་སྡོད་དམངས་1གྲོངས་ཡོད་པ་དང་། མེ་གསོད་མེ་འགོག་རུ་ཁག་གི་མི་4ལ་རྨས་སྐྱོན་ཕོག་ཡོད་པ་རེད། མེ་སྐྱོན་བྱུང་དུས། ཐི་རོམ་ཕུ་ཁྱིམ་ཚང་གི་མི་དག་ཁང་ཆེན་དུ་མེད་པ་རེད།
         ཐི་རོམ་ཕུ་ཁང་ཆེན་ལ་ཐོག་བརྩེགས་68ཡོད་ལ། དེ་ནི་ཉིའུ་གཡོད་གྲོང་ཁྱེར་གྱི་མན་ཧྭ་ཐོན་ཁུལ་དུ་ཡོད་ཅིང་། ཐི་རོམ་ཕུ་ཚོགས་པའི་སྤྱི་ཁྱབ་ཁུལ་ཡོད་ས་རེད། ཐི་རོམ་ཕུ་ཨ་རིའི་སྲིད་འཛིན་ལ་བདམས་ཐོན་མ་བྱུང་བའི་སྔོན་དུ་ཁང་ཆེན་དེ་རུ་བསྡད་ཡོད་པ་རེད། ཁང་ཆེན་དུ་ད་དུང་བཞུགས་ཤག་ཕལ་བ་དང་ཚོང་ཁང་ཡང་ཡོད་པ་རེད།
         ཉིའུ་གཡོད་མེ་གསོག་མེ་འགོག་ཅུས་ཀྱིས་མེ་སྐྱོན་འབྱུང་ཡུལ་ནི་ཁང་ཆེན་གྱི་ཐོག་བརྩེགས་50པ་ཡིན་ལ། དུས་ཚོད་ཐུང་ངུ་ནང་མེ་སྐྱོན་བསད་ཚར་བ་རེད། སྤྱི་ཚོགས་འབྲེལ་འདྲིས་སྨྱན་སྦྱོར་དུ་ཁྱབ་པའི་བརྙན་རིས་སུ། ཁང་ཆེན་གྱི་སྒེའུ་ཁང་མང་པོ་ཞིག་ནས་མེ་ལྕེ་དང་དུ་བ་བྱུང་ཡོད་པ་དང་། མེ་གསོད་མེ་འགོག་རུ་ཁག་གི་རླངས་འཁོར་མང་པོ་ཞིག་ཁང་ཆེན་གྱི་འགྲམ་དུ་ཐོན་པ་རེད།
         མེ་སྐྱོན་འབྱུང་རྐྱེན་ད་དུང་གསལ་ཆ་བྱུང་མེད་ལ། ཐི་རོམ་ཕུ་ཡི་བུའམ་ཐི་རོམ་ཕུ་ཚོགས་པའི་མཐོ་རིམ་གཙོ་གཉེར་བ་ཨར་ལི་ཁུ་·ཐི་རོམ་ཕུ་ཡིས་སྤྱི་ཚོགས་འབྲེལ་འདྲིས་སྨྱན་སྦྱོར"ཐུའེ་ཐི"རུ། མེ་སྐྱོན་འབྱུང་ཡུལ་ནི་ཁང་ཆེན་ནང་གི་སྤྱི་པའི་བཞུགས་ཤག་རེད་ཅེས་བརྗོད་ཡོད་པ་རེད།
        མེ་སྐྱོན་ཁྲོད་དུ་སྐྱེས་པའི་སྡོད་དམངས་ཤིག་གྲོངས་ཡོད་ལ། ཐོབ་ཐང་ད་དུང་གཏན་འཁེལ་བྱེད་བཞིན་ཡོད་པ་རེད།
        ཐི་རོམ་ཕུ་ཡིས་ཐུའེ་ཐི་རུ"ཐི་རོམ་ཕུ་ཁང་ཆེན་གྱི་མེ་སྐྱོན་ད་ལྟ་བསད་ཚར་ཡོད་པ་རེད། མེ་སྐྱོན་ཚད་ཡོད་པ་རེད། མེ་གསོད་མེ་འགོག་རུ་མི་ཚོས་ལས་ཀ་ཡག་པོ་བསྒྲུབས་སོང་། བཀའ་དྲིན་ཆེ"ཞེས་བཀོད་ཡོད་པ་རེད།
         ད་ལོའི་ཟླ་1ཚེས་8ཉིན། ཐི་རོམ་ཕུ་ཁང་ཆེན་དུ་མེ་སྐྱོན་ཞིག་བྱུང་མྱོང་ཡོད་ལ། དེ་དུས་མི་3ལ་རྨས་ཕོག་པ་དང་། མི་1ནི་མེ་གསོད་མེ་འགོག་རུ་ཁག་གི་མི་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།