འཚོལ་བཤེར།   
藏文频道
2018ལོའི་ཟླ་4ཚེས་4ཉིན།
  • མི་དམངས་དྲ་བ།

    ༄༅།།དཔྱིད་དུས་སུ་མཛེས་པའི་རི་ལྗོངས་ལ་ལྟ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 04ཚེས་04ཉིན། 16:05】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
    ༄༅།།དཔྱིད་དུས་སུ་མཛེས་པའི་རི་ལྗོངས་ལ་ལྟ།
         མི་དམངས་དྲ་བའི་འཕྲིན། དཔྱིད་དཔལ་ཤར་བ་དང་ལོ་ཧྲིལ་པོར་སྤྲིན་སྨུག་གིས་འཁྲིག་པའི་རི་བོ་གནམ་ལྕགས་འབར་བའི་རྩེ་ནི་སྐབས་རེར་མཐོང་བར་མངོན་པས་ཡུལ་སྐོར་བ་མང་པོའི་ཡིད་དབང་ཀུན་ནས་བཀུག་སྟེ་པར་རྒྱག་བཞིན་ཡོད་པ་རེད། བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་གྱི་རི་བོ་གནམ་ལྕགས་འབར་བ་ནི་འཕྲེད་རྒྱུག་རི་རྒྱུད་དུ་བསྲིངས་ཤིང་འགྱིངས་ཏེ། ཧི་མ་ལ་ཡ་རི་རྒྱུད་དང་གཉན་ཆེན་ཐང་ལྷའི་རི་རྒྱུད་ཀྱི་སྦྲེལ་མཚམས་སུ་ཟུར་གསུམ་དབྱིབས་ཆེན་པོ་ཞིག་ཏུ་གངས་ཀྱིས་ཀླུབ་པ་དང་སྨུག་པས་འཁྲིག་ནས་ལས་སླ་པོར་མཐོང་མི་ཐུབ་པས། ངོ་ཚ་སྨིན་པའི་བུ་མོའི་རི་བོ་ཞེས་ཀྱང་འབོད་སྲོལ་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།