འཚོལ་བཤེར།   
藏文频道
2018ལོའི་ཟླ་4ཚེས་4ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོའི་G5པའི་ཁ་པར་ཐེངས་དང་པོར་གཏོང་ཐུབ་པ་དང་ཚོང་ལས་ཐད་ལ་སྤྱོད་པའི་
    G5པའི་ལག་ཁྱེར་ཁ་པར་ནི་ཕེལ་ཆེར་2019ལོར་ཐོན་ཐུབ་རྒྱུ་རེད།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 04ཚེས་04ཉིན། 14:05】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།ཀྲུང་གོའི་G5པའི་ཁ་པར་ཐེངས་དང་པོར་གཏོང་ཐུབ་པ་དང་ཚོང་ལས་ཐད་ལ་སྤྱོད་པའི་
G5པའི་ལག་ཁྱེར་ཁ་པར་ནི་ཕེལ་ཆེར་2019ལོར་ཐོན་ཐུབ་རྒྱུ་རེད།
         མི་དམངས་དྲ་བའི་འཕྲིན། ཀྲུང་གོའི་སྤོ་འགུལ་ཚོགས་པས་ཀྲུང་ཤིང་འཕྲིན་ལས་དང་མཉམ་འབྲེལ་གྱིས་ཟླ་4ཚེས་2ཉིན་ཐེངས་དང་པོར་G5པའི་ཁ་པར་གཏོང་ཐུབ་སོང་། དེས་མི་དམངས་ཤོག་སྒོར་དུང་ཕྱུར་ཁྲི་ལྷག་ཟིན་པའི་ཐོན་ལས་རིམ་བཞིན་སྒོ་ཕྱེ་བའི་རྟགས་མངོན་པ་རེད། ཡིན་ནའང་། ཚོང་ལས་ཐད་ལ་སྤྱོད་པའི་G5པའི་ཁ་པར་ནི་2019ལོའི་ལོ་སྨད་ཙམ་ལ་མ་གཏོགས་ཐོན་ཐུབ་རྒྱུ་མ་རེད།
         ཀོང་ཏུང་ཞིང་ཆེན་གྱི་ཀོང་ཀྲོའུ་གྲོང་ཁྱེར་དང་ཧྲེན་ཀྲེན་གྲོང་ཁྱེར་གཉིས་G5པའི་ཁ་པར་ཚོད་ལྟ་བྱེད་པའི་བྱེད་སྒོར་ཞུགས་པ་རེད། ད་རེས་ཐེངས་དང་པོར་G5པའི་ཁ་པར་གཏོང་ཐུབ་པ་ནི་ཀོང་ཀྲོའུ་ནས་ཚོད་ལྟ་བྱས་པ་ལས་བྱུང་བ་རེད། དེའི་སྔོན་ཀོང་ཀྲོའུ་གྲོང་ཁྱེར་ནས་ད་དུང་ཀྲུང་གོའི་G5པའི་ཚོད་ལྟ་གནས་གཞི་དང་པོ་དེ་ཕྱེས་པ་རེད། 
         རྒྱུས་ལོན་བྱས་པར་གཞིགས་ན། རྒྱལ་སྤྱིའི་ཚད་གཞི་ཅན་གྱི་རྩ་འཛུགས་GPP3པས་ན་ནིང་གི་སྤྱི་ཟླ་12པར་G5ཡི་ཚད་གཞི་དང་པོ་དེ་དངོས་སུ་བཀག་སྡོམ་བྱས་པ་སྟེ། དེ་ནི་GPP3 R15པའི་པར་གཞི་ཡིན་ཞིང་། ད་རེས་ཀོང་ཏུང་གི་སྤོ་འགུལ་ཚོགས་པས་ཚོད་ལྟ་བྱས་པར་སྤྱད་པའི་G5པའི་གནས་གཞི་དང་སྲོག་ཤིང་དྲ་ཚིགས་དང་བཅས་པའི་ཚོད་ལྟའི་མ་ལག(Terminal)ཚང་མས་GPP3 R15པའི་ཚད་གཞི་དེ་གཞིར་བཟུང་ཡོད་པ་རེད།
         ཀྲུང་གོའི་སྤོ་འགུལ་ཞིབ་འཇུག་ཁང་གི་ཚོགས་གཙོ་གཞོན་པ་ཧོན་ཡུས་ཧོང་གིས་G5པའི་ཚོད་ལྟ་དུས་རིམ་གསུམ་པའི་སྐབས་ཀྱི་གནས་ཚུལ་ངོ་སྤྲོད་བྱེད་དུས། ཕལ་ཆེར་2018ལོའི་ལོ་སྟོད་དུ་ཚོང་ལས་ཐད་སྤྱོད་པའི་G5པའི་མ་ལག་(Terminal)གི་ཡང་སྙིང་དེ་དངོས་སུ་འདོན་ཐུབ་རྒྱུ་ཡིན་པར་བསྟན་པ་རེད།
         ད་ལོའི་སྤྱི་ཟླ་2པའི་འཛམ་གླིང་སྤོ་འགུལ་འཕྲིན་གཏོང་གི་ཚོགས་ཆེན་ཐོག་ཏུ། ཧྭ་ཝེ་ཡིས་གོ་ལ་ཡོངས་སུ་ཐེངས་དང་པོར་ཚོང་ལས་ཐད་ལ་སྤྱོད་པའི་GPP3 R15པའི་ཚད་གལི་རྨང་གཞི་བྱས་པའི་G5པའི་ཡང་སྙིང་དེ་བསྒྲགས་པ་རེད། ཧྭ་ཝེ་འཛད་སྤྱོད་པའི་ལས་རིགས་ཀྱི་CEO(Chief Executive Officer)ཡུས་ཁྲེན་ཏུང་གིས་ཚོང་ལས་ལ་སྤྱོད་པའི་G5པའི་རིག་ནུས་ཅན་གྱི་ཁ་པར་དེ་2019ལོའི་དུས་ཚིགས་བཞི་པར་འདོན་རྒྱུ་ཡིན་པར་བསྒྲགས། 
      

    ཕྱོགས་བསྡུས་གསར་འགྱུར།