འཚོལ་བཤེར།   
藏文频道
2018ལོའི་ཟླ་3ཚེས་30ཉིན།
  • མི་དམངས་དྲ་བ།

    ༄༅།།ཧྥིན་ལན་གྱི་ཙུང་ཐུང་གིས་ཧྥིན་ལན་དང་ཨུ་རུ་སུའི་འགལ་བ་གང་མགྱོགས་སེལ་རྒྱུའི་ནན་བཤད་བྱས་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 03ཚེས་30ཉིན། 11:11】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་26ཉིན།  ཧྥིན་ལན་སྲིད་གཞུང་གིས་ཨུ་རུ་སུའི་ཕྱི་འབྲེལ་དཔོན་གཅིག་ཕྱིར་འབུད་བྱ་རྒྱུ་ཁྱབ་བསྒྲགས་བྱས་རྗེས་ཧྥིན་ལན་གྱི་ཙུང་ཐུང་ཉི་ཉི་སི་ཐུའོ་ཡིས་གནས་ཚུལ་དེར་དམིགས་ནས་མིག་སྔར་ཐོན་ཁུངས་ཐམས་ཅད་སྤྱད་དེ“ཤར་ནུབ་དབར་རྒྱུན་ཆད་མེད་པར་ཆེ་རུ་འགྲོ་བའི་འགལ་བ”གང་མགྱོགས་ཆུང་དུ་གཏོང་དགོས་ཞེས་བཤད།
         ཟླ་3ཚེས་26ཉིན་གྱི་ཕྱི་དྲོར། ཧྥིན་ལན་སྲིད་གཞུང་གིས་གསལ་བསྒྲགས་སྤེལ་ནས་ཕྱི་འབྲེལ་དཔོན་ཕྱིར་འབུད་བྱེད་པའི་གཏན་འཁེལ་དེ་ཧྥིན་ལན་གྱི་ཙུང་ཐུང་དང་ནང་བློན་ཁང་གི་བདེ་འཇགས་སྲིད་ཇུས་ཨུ་ལྷན་གྱིས་མཉམ་དུ་བྱས་པ་ཞིག་རེད་ཅེས་བཤད། ཉི་ཉི་སི་ཐུའོ་ཡིས་གནས་ཚུལ་དེར་དམིགས་ནས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ཏེ་ཧྥིན་ལན་གྱིས་ཕྱོགས་མང་པོར་བསམ་གཞིག་བྱས་ཏེ་གཞི་ནས་གཏན་འཁེལ་དེ་བྱས་པ་ཡིན་ཞེས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།