འཚོལ་བཤེར།   
藏文频道
2018ལོའི་ཟླ་3ཚེས་20ཉིན།
  • མི་དམངས་དྲ་བ།

    ༄༅།།ཐོན་ལས་དབུལ་སྐྱོར་བྱེད་པར་ཞིང་ལས་ཐོན་ལས་ཅན་དུ་འགྱུར་བའི་འཆར་འགོད་དང་
    བཀོད་སྒྲིག་བྱེད་མགྱོགས་སུ་གཏོང་དགོས།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 03ཚེས་20ཉིན། 10:02】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཁྲུང་ཆིང་ཧྲི་ཀྲུའུ་ཐུའུ་ཅ་རིགས་རང་སྐྱོང་རྫོང་སན་ཧུང་སུར་པན་ཆེད་ལས་མཉམ་ལས་ཁང་གི་ལས་འཛིན་འགོ་གཙོ་ཐན་ཅན་ལན་གྱིས་ཐོན་ལས་དབུལ་སྐྱོར་ནི་རྒྱལ་ཁབ་ཀྱིས་དར་སྤེལ་ཤུགས་ཆེན་གཏོང་བའི་དབུལ་སྒྲོལ་གྱི་བྱ་ཐབས་ཤིག་ཡིན་པ་དེས་གྲོང་གསེབ་ཏུ་དབུལ་སྒྲོལ་འགག་སྒྲོལ་བྱེད་རིང་ནུས་པ་གལ་ཆེན་ཐོན་ཡོད། ཡིན་ནའང་ཞིང་ལས་ཐོན་ལས་ཅན་དུ་འགྱུར་བའི་འཆར་འགོད་དང་བཀོད་སྒྲིག་བྱེད་རིང་གཅིག་གྱུར་མེད་པའི་རྐྱེན་གྱིས་ས་གནས་ཁག་གཅིག་ཏུ་ཁྱད་ལྡན་ཞིང་ལས་ཐོན་ཟོག་ཚང་མས་འུར་གྱིས་འཚོང་བ་དང་འཚོང་ཐལ་ཆེ་བའི་སྣང་ཚུལ་ཐོན་པར་དམིགས་ཏེ་རྒྱལ་ཁབ་ཀྱིས་ཞིང་ལས་ཐོན་ལས་ཅན་དུ་འགྱུར་རྒྱུའི་འཆར་འགོད་དང་བཀོད་སྒྲིག་བྱེད་མགྱོགས་སུ་བཏང་ནས་གྲོང་གསེབ་དབུལ་སྒྲོལ་ཡོང་ཆེད་འཕེལ་རྒྱས་ཀྱི་ཁོར་ཡུག་བཟང་པོ་ཞིག་གཏོད་རྒྱུའི་གྲོས་འགོ་འདོན་རྒྱུ་ཡིན་ཞེས་གསུངས།
         ཉེ་བའི་ལོ་ཤས་རིང་ཐན་ཅན་ལན་གྱིས་ས་གནས་སྲིད་གཞུང་གི་རྒྱབ་སྐྱོར་འོག་གཞི་ཁྱོན་ཆེ་བའི་ས་ཞིང་བརྒྱུད་བཤུག་ལ་བརྟེན་ནས་ཧྲི་ཀྲུའུ་རྫོང་གི་ཤང་དང་གྲོང་རྡལ་7དང་། གྲོང་ཚོ་24 ཞིང་དུད་6800བཅས་ཀྱི་སྣེ་ཁྲིད་དེ་སུར་པན་ཆེད་ལས་མཉམ་ལས་ཁང་བཙུགས་པར་བརྟེན“བུ་མོ་ཐན”ཞེས་པའི་སྤུས་རྟགས་སུར་པན་ས་གནས་སུ་བྲིན་ཁ་རྒྱུག་པོ་བྱུང་ནས་དུད་ཚང་དབུལ་པོ་560དབུལ་སྒྲོལ་བརྟན་པོ་ཡོང་བར་རོགས་རམ་ཐུབ་སྟེ་ས་གནས་ཀྱི་མང་ཚོགས་ལ་ཐོན་ལས་དབུལ་སྒྲོལ་ལས་ཕན་པ་ཐོབ་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།