འཚོལ་བཤེར།   
藏文频道
2018ལོའི་ཟླ་3ཚེས་20ཉིན།
  • མི་དམངས་དྲ་བ།

    ༄༅།།སྣོད་བཅུད་ཁོར་ཡུག་པུས“འབྲེལ་མཐུད་ལྔ”མངོན་འགྱུར་ཐུབ་པ་བྱ་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 03ཚེས་20ཉིན། 10:00】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་17ཉིན་ཁོར་ཡུག་སྲུང་སྐྱོང་པུའི་པུའུ་ཀྲང་ལི་ཀན་ཅེས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་དང་པོའི་གསར་འགོད་པའི་ཚོགས་འདུའི་ཐོག་སྣོད་བཅུད་ཁོར་ཡུག་པུའུ་བཙུགས་ཚེ“འབྲེལ་མཐུད་ལྔ”མངོན་འགྱུར་ཐུབ་ནས་དེ་སྔའི་ཁ་ཐོར་གྱི་སྦགས་བཙོག་འགོག་བཅོས་དང་སྣོད་བཅུད་སྲུང་སྐྱོང་གི་འགན་འཁྲི་གཉིས་གཅིག་གྱུར་ཡོང་རྒྱུ་རེད་ཅེས་གསུངས།
         ལི་ཀན་ཅེས་སྣོད་བཅུད་ཁོར་ཡུག་པུའུ་བཙུགས་ཚེ“འབྲེལ་མཐུད་ལྔ”མངོན་འགྱུར་ཐུབ་རྒྱུ་ཡིན་པ་སྟེ། གཅིག་ནི་ས་སྟེང་དང་ས་འོག་འབྲེལ་མཐུད་ཐུབ་རྒྱུ་དང་། གཉིས་ནི་ཆུ་ངོགས་དང་ཆུ་ནང་འབྲེལ་མཐུད་ཐུབ་རྒྱུ། གསུམ་ནི་སྐམ་ས་དང་རྒྱ་མཚོ་འབྲེལ་མཐུད་ཐུབ་རྒྱུ། བཞི་ནི་གྲོང་ཁྱེར་དང་གྲོང་གསེབ་འབྲེལ་མཐུད་ཐུབ་རྒྱུ། ལྔ་ནི་དབྱང་གཅིག་ཐཱན་འགྱུར་དང་དབྱང་གཉིས་ཐཱན་འགྱུར་འབྲེལ་མཐུད་ཐུབ་རྒྱུ་བཅས་ཡིན་པ་དང་དེས་རླུང་ཁམས་ཆེ་མོའི་སྦགས་བཙོག་འགོག་བཅོས་དང་གནམ་གཤིས་འགྱུར་ལྡོག་གི་ཁ་གཏད་གཅོག་ཐབས་གཉིས་གཅིག་གྱུར་ཡོང་རྒྱུ་རེད་ཅེས་གསུངས།
      

    ཕྱོགས་བསྡུས་གསར་འགྱུར།