འཚོལ་བཤེར།   
藏文频道
2018ལོའི་ཟླ་3ཚེས་20ཉིན།
  • མི་དམངས་དྲ་བ།

    ༄༅།།འཐུས་མི་དང་ཨུ་ཡོན་གྱི་ཉམས་འགྱུར།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 03ཚེས་20ཉིན། 10:05】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།འཐུས་མི་དང་ཨུ་ཡོན་གྱི་ཉམས་འགྱུར།
         མི་དམངས་དྲ་བའི་འཕྲིན། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དབྱང་ཧྥེ་ཧྥེ་ནི་ཅང་སུའུ་ནན་ཐུང་གི་གྲོང་གསེབ་ནས་ཡིན་པ་དང་ཆུང་དུས་ནས་འཕྲུལ་ཆས་ལ་དགའ་པོ་ཡོད། ད་ཐེངས་པེ་ཅིང་དུ་ཡོང་ནས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་དང་པོར་ཞུགས་པ་དང་ཁོང་གིས་བཏོན་གནང་བའི་གྲོས་འགོ་ནི་ཐོན་ལས་བཟོ་པ་དང་ལྷག་དོན་དུ་ཞིང་པ་ལས་མིར་རིག་སྐྱོར་དང་། རྩལ་ནུས་རོགས་སྐྱོར། མ་དངུལ་རོགས་སྐྱོར་བཅས་བྱེད་ཤུགས་ཆེ་རུ་གཏོང་དགོས་པ་མ་ཟད། ཞིང་པ་ལས་མིར་དམིགས་སའི་རང་བཞིན་ལྡན་པའི་ངང་གསོ་སྦྱོང་དང་། དཔྱད་ཞིབ། རྩལ་ནུས་དཔྱད་སྡོམ་བཅས་བྱས་ནས་ཞིང་པ་ལས་མིར་ལས་རིགས་འཕེལ་རྒྱས་ཀྱི་ལམ་བུ་སྔར་བས་ཡག་པོ་ཡོང་བ་བྱེད་དགོས་པ་དེ་རེད། འདི་ནི་དབྱང་ཧྥེ་ཧྥེ་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་དང་པོའི་འགོ་ཚུགས་མཛད་སྒོར་ཞུགས་པའི་གནས་ཚུལ་ཡིན་པ།
      

    ཕྱོགས་བསྡུས་གསར་འགྱུར།