འཚོལ་བཤེར།   
藏文频道
2018ལོའི་ཟླ་3ཚེས་20ཉིན།
  • མི་དམངས་དྲ་བ།

    ༄༅།།2020ལོར་གཞི་རྩའི་ཆར“སློབ་མ་མང་བའི་འཛིན་གྲྭ”མེད་པར་བཟོ་རྒྱུ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 03ཚེས་20ཉིན། 10:01】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་དང་པོས་ཚེས་16ཉིན་འཚོགས་པའི་གསར་འགོད་པའི་ཚོགས་འདུའི་ཐོག་སློབ་གསོ་པུའི་པུའུ་ཀྲང་ཁྲེན་པའོ་ཧྲེང་གིས་2018ལོར་སློབ་མ་66ཡན་གྱི“སློབ་མ་ཧ་ཅང་མང་བའི་འཛིན་གྲྭ”གཞི་རྩའི་ཆར་མེད་པར་བཟོ་རྒྱུ་དང་2020ལོར་སླེབས་སྐབས་གྲོང་ཁྱེར་དང་གྲོང་རྡལ་གྱི“སློབ་མ་མང་བའི་འཛིན་གྲྭ”གཞི་རྩའི་ཆར་མེད་པར་བཟོ་རྒྱུ་རེད་ཅེས་གསུངས།
         “‘སློབ་མ་མང་བའི་འཛིན་གྲྭ’རིགས་གཉིས་ཡོད་པ་སྟེ། གཅིག་ནི་སློབ་མ་66ཡན་གྱི‘སློབ་མ་ཧ་ཅང་མང་བའི་འཛིན་གྲྭ’ཡིན་པ་དང་གཅིག་ཤོས་ནི་སློབ་མ་56ཡན་གྱི‘སློབ་མ་མང་བའི་འཛིན་གྲྭ’ཡིན”ཞེས་ཁྲེན་པའོ་ཧྲེང་གིས་ངོ་སྤྲོད་གནང་། ཁོང་གིས་2017ལོར་རྒྱལ་ཡོངས་སུ་སློབ་མ་56ཡན་གྱི“སློབ་མ་མང་བའི་འཛིན་གྲྭ”ཁྲི་36.8ཡོད་པ་དེས་འཛིན་གྲྭ་ཡོངས་ཀྱི་10.1%བཟུང་བ་དང་། སློབ་མ་66ཡན་གྱི“སློབ་མ་ཧ་ཅང་མང་བའི་འཛིན་གྲྭ”ཁྲི་8.6ཡོད་པ་དེས་འཛིན་གྲྭ་ཡོངས་ཀྱི་2.4%བཟུང་ཡོད། ལོ་དེར་རྒྱལ་ཡོངས་སུ“སློབ་མ་མང་བའི་འཛིན་གྲྭ”ཁྲི་8.2དང“སློབ་མ་ཧ་ཅང་མང་བའི་འཛིན་གྲྭ”ཁྲི་5.6ཉུང་དུ་ཕྱིན་ཡོད་ཅེས་གསུངས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།