འཚོལ་བཤེར།   
藏文频道
2018ལོའི་ཟླ་3ཚེས་20ཉིན།
  • མི་དམངས་དྲ་བ།

    ༄༅།།མངོན་མིན་རིག་གནས་ཤུལ་བཞག་གི་རྣམ་གྲངས་ཚང་མར་སྲུང་སྐྱོང་ནུས་ལྡན་ཐུབ་པ་བྱེད་
    དགོས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 03ཚེས་20ཉིན། 10:08】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།མངོན་མིན་རིག་གནས་ཤུལ་བཞག་གི་རྣམ་གྲངས་ཚང་མར་སྲུང་སྐྱོང་ནུས་ལྡན་ཐུབ་པ་བྱེད་
དགོས་པ།
         མི་དམངས་དྲ་བའི་འཕྲིན། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་སུན་ཡན་ལིང་ནི་མངོན་མིན་རིག་གནས་ཤུལ་བཞག་སྟེ་པོ་ཧའེ་མོ་ཧེའི་ཕར་ཆིན་གྱི་རྒྱུན་འཛིན་པ་མི་རབས་བཞི་པ་ཡིན། སུན་ཡན་ལིང་གིས་ཕར་ཆིན་ཁེ་ལས་བཙུགས་ཏེ་ཡུལ་དེའི་ཕར་ཆིན་ལག་རྩལ་བ་1300ལྷག་ཙམ་དང་མཉམ་དུ་ལས་ཀ་བྱེད་ཀྱི་ཡོད་ཅིང་། ལས་རིགས་དེར་གཞོལ་མཁན་མི་ཁྲི་གཉིས་ལྷག་ཙམ་ལ་གསོ་སྦྱོང་བྱས་ཡོད་པ་རེད།
         སུན་ཡན་ལིང་གིས་མངོན་མིན་རིག་གནས་ཤུལ་གཞག་བཅའ་ཁྲིམས་ལག་བསྟར་ལ་ཞིབ་བཤེར་བྱ་ཤུགས་ཆེ་རུ་བཏང་སྟེ་མངོན་མིན་རིག་གནས་ཤུལ་གཞག་རྣམ་གྲངས་ལ་ཞིབ་ཕྲའི་དོ་དམ་གྱི་ཞིབ་སྲོལ་བཟོས་ནས་ས་ཆ་ཁག་གཅིག་གི་རྣམ་གྲངས་འདུན་ཞུ་ལེགས་གྲུབ་བྱུང་ན་དེ་གས་འགྲིག་པའི་བསམ་བློར་འགྱུར་ལྡོག་བཏང་སྟེ་མངོན་མིན་རིག་གནས་ཤུལ་བཞག་གི་རྣམ་གྲངས་ཚང་མར་སྲུང་སྐྱོང་ནུས་ལྡན་ཐུབ་པ་བྱེད་དགོས་པའི་གྲོས་འགོ་བཏོན་གནང་བ་རེད། འདི་ནི་སུན་ཡན་ལིང་(མདུན་གྱི་གཡས་)གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་དང་པོའི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པར་ཞུགས་པའི་གནས་ཚུལ་ཡིན་པ།
    【1】  【2】  【3】
    ༄༅།།མངོན་མིན་རིག་གནས་ཤུལ་བཞག་གི་རྣམ་གྲངས་ཚང་མར་སྲུང་སྐྱོང་ནུས་ལྡན་ཐུབ་པ་བྱེད་
དགོས་པ།
      

    ཕྱོགས་བསྡུས་གསར་འགྱུར།