འཚོལ་བཤེར།   
藏文频道
2018ལོའི་ཟླ་3ཚེས་12ཉིན།
  • མི་དམངས་དྲ་བ།

    ༄༅།།"2018ལོའི་ཕྱི་རྒྱལ་གྱི་རྒྱ་ཡིག་སྨྱན་སྦྱོར་མིག་ལམ་གྱི་བོད་རིགས་ས་ཁུལ"ཞེས་པའི་པར་
    རིས་འགྲེམས་སྟོན་ཐའེ་དབན་དུ་གཉེར་བ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 03ཚེས་12ཉིན། 10:31】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། “དཔེ་མི་སྲིད་པའི་ཡག་པོ་འདུག ཚང་མས་ངེས་པར་དུ་བོད་རིགས་ས་ཁུལ་གྱི་ངོ་མཚར་མཛེས་སྡུག་ལ་ཉམས་ལེན་བྱེད་པར་ཐེངས་གཅིག་འགྲོ་དགོས་འདུག”ཅེས་ཐའེ་དབན་ཤིང་གྲུའུ་རྫོང་ཐོན་ལས་སྤྱི་ཁྱབ་བཟོ་ཚོགས་ཀྱི་ལས་འཛིན་ཚུའེ་ཀེ་ཧྥུང་གིས“ཕྱི་རྒྱལ་གྱི་རྒྱ་ཡིག་སྨྱན་སྦྱོར་མིག་ལམ་གྱི་བོད་རིགས་ས་ཁུལ”ཞེས་པའི་པར་རིས་འགྲེམས་སྟོན་ལ་ལྟ་ཞོར་དུ་རང་ཉིད་ཀྱི་མྱོང་ཚོར་གླེང་།
         ཚེས་8ཉིན། “2018ལོའི་ཕྱི་རྒྱལ་གྱི་རྒྱ་ཡིག་སྨྱན་སྦྱོར་མིག་ལམ་གྱི་བོད་རིགས་ས་ཁུལ”ཞེས་པའི་པར་རིས་འགྲེམས་སྟོན་ཐའེ་དབན་ཤིང་གྲུའུ་རྫོང་ཤིང་ཝ་ཝུའུ་ཁེ་ཅ་རིག་གནས་ཉར་ཚགས་ཁུལ་དུ་གཉེར་འགོ་ཚུགས་ཤིང་། འགྲེམས་སྟོན“གངས་རི་ར་བས་བསྐོར་བའི་ཕ་ཡུལ་དྲན་སེམས”དང་། “ལྷ་ཡི་བསྟོད་སྨོན” “མཛེས་སྡུག་ལྡན་པའི་ལུང་གཞུང”“དམངས་གཞས་རྣ་བའི་བུ་རམ”བཅས་བཞི་རུ་དབྱེ་ནས་བོད་རིགས་ས་ཁུལ་གྱི་རང་བྱུང་མཛེས་ཉམས་དང་། མི་རིགས་རིག་གནས། ཆོས་ལུགས་སོགས་བརྗོད་གཞིར་བྱས་པའི་བརྩམས་ཆོས་བརྒྱ་ལྷག་ཙམ་འགྲེམས་སྟོན་བྱས་པ་རེད། འགྲེམས་སྟོན་ནི་ཐའེ་དབན་ངལ་རྩོལ་ཏང་དང་སྐམ་ས་ཆེ་མོའི་ཧོང་ཧྥུའུ་དམག་དོན་སློབ་གྲྭའི་སློབ་གྲོགས་ཚོགས་པས་མཉམ་དུ་གཉེར་བ་ཞིག་རེད།
         གཙོ་གཉེར་ཕྱོགས་ཀྱིས་ངོ་སྤྲོད་བྱས་པ་ལྟར་ན། ད་རེས་འགྲེམས་སྟོན་བྱས་པའི་བརྩམས་ཆོས་དག་མེ་གླིང་དང་། ཡོ་རོབ། ཨ་ཧྥེ་རི་ཁ། ཨེ་ཤེ་ཡ་སོགས་ཀྱི་ཕྱི་རྒྱལ་གྱི་རྒྱ་ཡིག་སྨྱན་སྦྱོར་གྱི་གསར་འགོད་པས་བྲིས་པ་ཤ་སྟག་ཡིན། 2011ལོ་ནས་བཟུང་། ཁོང་ཚོས་བོད་དང་དེ་བཞིན་སི་ཁྲོན་དང་། ཡུན་ནན། ཀན་སུའུ། མཚོ་སྔོན་སོགས་ཀྱི་བོད་རིགས་ས་ཁུལ་དུ་བསྐྱོད་ནས་པར་ཆས་ཀྱིས་བོད་རིགས་ས་ཁུལ་གྱི་རང་བྱུང་མཛེས་ཉམས་དང་། བརྗིད་ཆགས་ཀྱི་དགོན་སྡེ། ཡུལ་གོམས་གཤིས་ལུགས། མི་རྣམས་ཀྱི་ཕུན་སུམ་ཚོགས་ཤིང་གྲ་རྒྱས་པའི་འཚོ་བ་བཅས་ཟིན་ཐོར་བཀོད་དེ་ཕྱོགས་མང་པོ་ནས་བོད་རིགས་ས་ཁུལ་གྱི་མཛེས་ཉམས་དང་འཕེལ་རྒྱས་ཀྱི་འགྱུར་ལྡོག་ཆེན་པོ་མངོན་པར་བྱས་ཡོད།
         ངལ་རྩོལ་ཏང་གི་ཀྲུའུ་ཞི་ཝུའུ་རུང་ཡོན་གྱིས་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས། ལོ་རྒྱུས་ཡུན་རིང་ལྡན་ཞིང་གཏིང་ཟབ་པའི་བོད་མི་རིགས་ཀྱི་རིག་གནས་ནི་ཀྲུང་ཧྭའི་རིག་གནས་བང་མཛོད་ཁྲོད་ཀྱི་མཚར་སྡུག་བཀྲ་བའི་མུ་ཏིག་ལྟ་བུ་ཞིག་རེད། ཐའེ་དབན་དམངས་ཚོགས་ཀྱིས་བོད་རིགས་ས་ཁུལ་གྱི་རང་བྱུང་མཛེས་ཉམས་དང་། ཡུལ་གོམས་གཤིས་ལུགས། ཆོས་ལུགས་བཅས་ལ་ཡ་མཚན་ཆེན་པོ་བྱེད་ཀྱི་ཡོད་མོད། འོན་ཀྱང་དེར་བསྐྱོད་མྱོང་མཁན་མང་པོ་མེད། ད་རེས་ཀྱི་འགྲེམས་སྟོན་བརྒྱུད་ཐའེ་དབན་དམངས་ཚོགས་ཀྱིས་ཕྱོགས་ཡོངས་ནས་བོད་རིགས་ས་ཁུལ་ལ་ངོས་འཛིན་སྔར་ལས་ལྷག་པ་ཐུབ་པ་དང་། ངོ་མཚར་གྱིས་ཕྱུག་པའི་ཞིང་ཁམས་དེར་བསྐྱོད་རྒྱུའི་གོ་སྐབས་རག་པའི་རེ་བ་བྱེད་ཀྱི་ཡོད། དེ་དང་ཆབས་ཅིག་ད་རེས་ཀྱི་འགྲེམས་སྟོན་བརྒྱུད་ཐའེ་དབན་དམངས་ཚོགས་ཀྱིས་སྐམ་ས་ཆེ་མོར་རྒྱུས་མངའ་ལོན་ཤུགས་ཆེ་རུ་ཕྱིན་ནས་ངོགས་གཉིས་ཀྱི་དམངས་ཁྲོད་སྤེལ་རེས་ལ་སྐུལ་འདེད་ཐེབས་པའི་རེ་བའང་བྱེད་ཀྱི་ཡོད་ཅེས་གསུངས།
      

    ཕྱོགས་བསྡུས་གསར་འགྱུར།