འཚོལ་བཤེར།   
藏文频道
2018ལོའི་ཟླ་3ཚེས་12ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་གྱི་བར་ཐག་རིང་ཤོས་ཀྱི་གནམ་ཐག་ལྕགས་ཟམ་བསྐྲུན་འགོ་ཚུགས་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 03ཚེས་12ཉིན། 10:30】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཀྲུང་གོ་ལྕགས་ལམ་འཛུགས་སྐྲུན་ཟམ་ཆེན་ལས་གྲྭ་ཅུས་ཚོགས་པས་བསྐྲུན་འགན་འཁུར་བའི་ཀོང་ཀྲོའུ་མིང་ཀྲུའོ་དབོན་ཟམ་ཆེན་ཚེས་3ཉིན་དངོས་སུ་བསྐྲུན་འགོ་ཚུགས་པ་རེད། ལས་གྲྭ་དེའི་ཟམ་པ་ཨ་མའི་བར་ཐག་སྨི་436ཡོད་པས་འདི་ནི་རང་རྒྱལ་གྱི་བར་ཐག་རིང་ཤོས་ཀྱི་གནམ་ཐག་ལྕགས་ཟམ་ཞིག་རེད།
         ཀྲུང་གོ་ལྕགས་ལམ་འཛུགས་སྐྲུན་མ་རྐང་ཚད་ཡོད་ཀུང་སིའི་མིང་ཀྲུའུ་དབོན་ལས་གྲྭ་བཀོད་འདོམས་པུའི་བཀོད་འདོམས་པ་དབྱང་མོང་ཁྲུན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། ཟམ་ཆེན་གྱི་ལམ་ཐིག་ཨ་མར་རིང་ཚད་སྤྱི་ལེ་7.774ཡོད་པ་དང་། ཟམ་པ་ཨ་མར་ཕྱོགས་གཉིས་ནས་བསྐྱོད་ཆོག་པའི་འཁོར་ལམ་བརྒྱད་འཆར་འགོད་བྱས་པས་ལྟ་སྣང་མཛེས་པ་དང་མཁྲེགས་པོ་ཡོད། དེའི་ཐོག་2021ལོའི་ཟླ་8པར་རླངས་འཁོར་ཤར་གཏོང་ཐུབ་རྒྱུ་ཡིན་པ་རེད།
         ཁོང་གིས་མིང་ཀྲུའུ་དབོན་ཟམ་ཆེན་བསྐྲུན་རྗེས་ཀོང་ཀྲོའུ་ཡི་གྲོང་ཁུལ་གཙོ་བོ་དང་། ཤང་ཀང་གི་རྒྱལ་སྤྱིའི་གནམ་ཐང་། ཧྲེན་ཀྲེན་པའོ་ཨན་གྱི་རྒྱལ་སྤྱིའི་གནམ་ཐང་། ཀོང་ཀྲོའུ་ཡི་བབས་ཚུགས་ལྷོ་མ་བཅས་དབར་མྱུར་བགྲོད་འགྲིམ་འགྲུལ་གྱི་བར་འཁྱམས་ཤིག་ཆགས་རྒྱུ་ཡིན་པ་དང་སྐར་མ་30ཡི་ནང་ཏ་དབོན་ཆུས་ཀྱི་གྲོང་ཁྱེར་གཙོ་བོའི་ལྟེ་བའི་ཁུལ་དུ་ཐད་ཀར་འབྱོར་རྒྱུ་རེད་ཅེས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།