འཚོལ་བཤེར།   
藏文频道
2018ལོའི་ཟླ་3ཚེས་12ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོས་ཨ་ཧྥེ་རི་ཁའི་རྒྱལ་ཁབ་དང་ཞིང་ལས་མཉམ་ལས་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 03ཚེས་12ཉིན། 10:26】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར་ཞིང་ལས་པུའི་པུའུ་ཀྲང་ཧན་ཀྲང་ཕུའུ་ཡིས་བྱེད་ཐབས་སྣ་ཚོགས་བརྒྱུད་ཨ་ཧྥེ་རི་ཁའི་རྒྱལ་ཁབ་དང་ཀྲུང་གོའི་ཞིང་ལས་འཕེལ་རྒྱས་ཀྱི་ཉམས་མྱོང་མཉམ་སྤྱོད་བྱེད་འདོད་ཡོད་པ་མ་ཟད་ཨ་ཧྥེ་རི་ཁའི་རྒྱལ་ཁབ་དང་ཞིང་ལས་མཉམ་ལས་བྱེད་ཤུགས་མུ་མཐུད་ཆེ་རུ་གཏོང་རྒྱུ་ཡིན་ཞེས་བརྗོད་པ་རེད།
         ཧན་ཀྲང་ཕུའུ་ཡིས་དེ་ཉིན་འཚོགས་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་དང་པོའི་གསར་འགོད་པའི་ཚོགས་འདུའི་ཐོག་ཀྲུང་གོས་ཨ་ཧྥེ་རི་ཁའི་རྒྱལ་ཁབ་14རུ་ཞིང་ལས་ལག་རྩལ་ཁྱབ་གདལ་གཏོང་བའི་དཔེ་སྟོན་ལྟེ་གནས་བསྐྲུན་ཏེ་ཀྲུང་གོའི་ཞིང་ལས་ལག་རྩལ་དེ་ཨ་ཧྥེ་རི་ཁའི་གྲོགས་པོར་འགྲེམས་སྟོན་བྱ་རྒྱུ་ཡིན་ཞེས་ངོ་སྤྲོད་བྱས་པ་རེད།
         གཞན་ཡང་ཀྲུང་གོས་ད་དུང་རིགས་གཅིག་མཁས་ཅན་འབོར་ཆེན་ཞིག་མངགས་ནས་ཨ་ཧྥེ་རི་ཁའི་རྒྱལ་ཁབ་དང་ལྷག་པར་དུ་འཕེལ་རྒྱས་འགྲོ་འགོར་ཤོས་ཀྱི་རྒྱལ་ཁབ་ལ་ཞིང་ལས་ལག་རྩལ་མི་སྣ་གསོ་སྦྱོང་བྱེད་རོགས་བྱ་རྒྱུ་མ་ཟད་ད་དུང་ཨ་ཧྥེ་རི་ཁའི་ཞིང་ལས་ལག་རྩལ་མི་སྣ་དང་ཞིང་ལས་སྡེ་ཚན་གྱི་དོ་དམ་ལས་བྱེད་པ་ཀྲུང་གོར་གཟབ་སྦྱོང་དང་ལྟ་སྐོར་བྱེད་པར་གདན་དྲངས་པ་རེད།
         ཧན་ཀྲང་ཕུའུ་ཡིས“ཀྲུང་གོས་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཀྱི་ཞིང་ལས་མཉམ་ལས་དང་དེ་བཞིན་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་འགན་ལེན་བྱེད་པའི་ཐད་རོགས་རམ་བྱས་པ་དེ་ལྷག་བསམ་རྣམ་དག་ཡིན་པ་ལས་ཆ་རྐྱེན་གང་ཡང་བཏོན་མེད”ཅེས་ནན་བཤད་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།