འཚོལ་བཤེར།   
藏文频道
2018ལོའི་ཟླ་3ཚེས་12ཉིན།
  • མི་དམངས་དྲ་བ།

    ༄༅།།མི་དམངས་ལ་ཕན་བདེ་བསྐྲུན་པར་ངེས་པར་དུ་ཚན་རྩལ་སྟོབས་ལྡན་ཞིག་ཡོད་དགོས། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 03ཚེས་12ཉིན། 10:32】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་10ཉིན། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་དང་པོས་གསར་འགོད་པའི་ཚོགས་འདུ་འཚོགས་ཤིང་། ཚན་རྩལ་པུའི་པུའུ་ཀྲང་ཝན་ཀང་དང་། ཚན་རྩལ་པུའི་སྲིད་ཇུས་ཁྲིམས་སྲོལ་དང་ལྟ་སྐུལ་སིའི་སི་ཀྲང་ཧོ་ཏེ་ཧྥང་། གསར་གཏོད་འཕེལ་རྒྱས་སིའི་སི་ཀྲང་ཞུས་ཅིང་བཅས་ཀྱིས“གསར་གཏོད་རྣམ་པའི་རྒྱལ་ཁབ་བསྐྲུན་མགྱོཌ་སུ་གཏོང་རྒྱུར”དམིཌ་ནས་རྒྱལ་ཁབ་ཕྱི་ནང་གི་གསར་འགོད་པའི་དྲི་བར་ལན་བསྐྱོན་པ་རེད།
         ཝན་ཀང་གིས་ངོ་སྤྲོད་བྱས་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་གྱི་ལོ་ལྔའི་རིང་། རང་རྒྱལ་གྱི་ཚན་རྩལ་གསར་གཏོད་ཆུ་ཚད་མངོན་གསལ་དོད་པོས་མཐོ་རུ་སོང་བ་དང་། ཚན་རྩལ་ཡར་རྒྱས་ཀྱིས་ལེགས་སྐྱེས་འབུལ་ཚད་52.2%ནས་57.5%བར་འཕར་ཡོད། འཇིག་རྟེན་འཕུར་སྐྱོད་དང་། མཚོ་གཏིང་། རིམ་འདས་རྩིས་རྒྱག ཉིང་གློག་སོགས་ཁྱབ་ཁོངས་རིམ་གྱིས་འཛམ་གླིང་གི་མདུན་གྲལ་དུ་སླེབས་ཤིང་། ཚད་རྡུལ་དཀའ་རྙོག་དང་ཁི་ལོན་སྤྲེལ་སོགས་ཀྱི་ཞིབ་འཇུག་གྲུབ་འབྲས་ལ་འཛམ་གླིང་དུ་རིམ་བཞིན་ཤུགས་རྐྱེན་ཆེ་རུ་འགྲོ་བཞིན་ཡོད་པ་རེད།
         ཚན་རྩལ་གསར་གཏོད་ཀྱི་སྟོབས་ཤུགས་དེ་སྔོན་ཆད་ཀྱི་ཚན་རྩལ་མི་སྣ་གཙོ་བོར་བྱེད་པ་ནས་དམངས་ཚོགས་ལ་ཕྱོགས་པའི་བར་གྱུར་པ་དང་། དམངས་ཀྱིས་ལས་གཏོད་དང་ཀུན་གྱིས་གསར་གཏོད་ཀྱི་ལོ་རྒྱུས་རང་བཞིན་གྱི་རྣམ་པ་གསར་པ་རིམ་གྱིས་གྲུབ་ཡོད། མིག་སྔར་རང་རྒྱལ་དུ་ཀུན་གཏོད་བར་མཐོངས་4200ལྷག་དང་། ཚན་རྩལ་ཁེ་ལས་ཀྱི་སྐྱེད་སྲིང་སྒྲིག་གཞི3000ལྷག ཁེ་ལས་འཕེལ་རྒྱས་མྱུར་གཏོང་སྒྲིག་གཞི400 རྒྱལ་ཁབ་ཀྱི་མཐོ་གསར་ཁུལ་150ལྷག་བཅས་ཡོད་པ་མ་ཟད། གསར་གཏོད་ཞབས་ཞུའི་སྣོད་བཅུད་དྲ་རྒྱ་དང་སྣོད་བཅུད་ཁོར་ཡུག་ཅིག་ཀྱང་ཆགས་ནས་ཚན་རྩལ་རྣམ་པའི་ཁེ་ལས་འབྲིང་ཆུང་ཁྲི་40ཙམ་ལ་ཞབས་འདེགས་ཞུས་པ་དང་། ན་ནིང་གསར་འཕར་ལས་ཞུགས་ཁྲི་200ལྷག་ཙམ་ཟིན་གྱི་ཡོད་པ་རེད།
         ཉེ་བའི་ལོ་ཤས་རིང་། དཔལ་འབྱོར་དང་སྤྱི་ཚོགས་ཀྱི་འཕེལ་རྒྱས་ཁྲོད་མི་ཐབས་རིག་ནུས་སྔར་ལས་མང་བར་སྤྱད་ཡོད། “མི་ཐབས་རིག་ནུས་དེ་ཁྱབ་ཁོངས་ཁག་ཏུ་ཁྱབ་པ་དང་། ཆེས་འགག་རྩ་ནི་སྔར་བཞིན་མི་ཐབས་རིག་ནུས་ཀྱི་འགག་རྩའི་ལག་རྩལ་དང་རྨང་གཞིའི་ཞིབ་འཇུག་ཡག་པོ་བསྒྲུབས་ནས་གང་མྱུར་སྤྱི་ཚོགས་ཀྱི་གང་ས་ཅི་ཐད་ལ་རྒྱ་བསྐྱེད་དགོས་པ་དེ་ཡིན”ཞེས་ཝན་ཀང་གིས་བཤད། ཁོང་གིས་མི་ཐབས་རིག་ནུས་གོང་འཕེལ་ཡོང་བར་སྐུལ་མ་གཏོང་དགོས་ན་ཐོག་མར་མི་ཐབས་རིག་ནུས་འཕེལ་རྒྱས་ཀྱི་ཚན་རིག་རྨང་གཞི་བརྟན་དུ་གཏོང་དགོས་པ་དང་། རབས་གསར་པའི་མི་ཐབས་རིག་ནུས་ཀྱི་ཚན་རིག་རྨང་གཞིའི་འགག་རྩའི་ལག་རྩལ་མ་ལག་འདུས་གྲུབ་ཞིབ་བཟོ་བྱེད་མགྱོགས་སུ་བཏང་ནས་ཞིབ་བཟོའི་གྲུབ་འབྲས་དེ་སྒོ་འབྱེད་ལས་སྟེགས་སུ་མགྱོགས་མྱུར་སླེབས་པར་བྱེད་པ་དང་། སྒོ་འབྱེད་བེད་སྤྱོད་གཏོང་རིང་སླར་ཡང་འཐུས་སྒོ་ཚང་དུ་གཏོང་དགོས་ཞེས་བརྗོད།
         འཛད་སྤྱོད་པས་དོ་ཁུར་བྱེད་པའི་གློག་སྒུལ་རླངས་འཁོར་ཁྱབ་གདལ་གྱི་གནད་དོན་ལ་དམིགས་ཏེ་ཝན་ཀང་གིས་སྲོལ་རྒྱུན་གྱི་རླངས་འཁོར་ནས་རིམ་གྱིས་གློག་སྒུལ་རླངས་འཁོར་དུ་གོང་འཕེལ་འགྲོ་བ་ནི་འཕེལ་ཕྱོགས་ཤིག་རེད། 2017ལོའི་བར་རང་རྒྱལ་གྱི་གློག་སྒུལ་རླངས་འཁོར་དང་ནུས་རྒྱུ་གསར་པའི་རླངས་འཁོར་ཕྱིར་འཚོང་བྱེད་ཚད་ཁྲི་77ཟིན་པ་དང་། ད་ཡོད་གྲངས་འབོར་ཁྲི་160ལས་བརྒལ་ནས་འཛམ་གླིང་གི་ཕྱེད་ཙམ་ཟིན་གྱི་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།