འཚོལ་བཤེར།   
藏文频道
2018ལོའི་ཟླ་3ཚེས་12ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོའི་ཚོགས་འདུ་གཉིས་ཀྱི་ཐོག་བཏོན་པའི་བརྡ་རྟགས་གལ་ཆེན་ལ་རྒྱལ་སྤྱིའི་སྤྱི་ཚོགས་
    ཀྱིས་དོ་ཁུར་བྱས་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 03ཚེས་12ཉིན། 10:29】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ད་ལྟ་འཚོག་བཞིན་པའི་ཀྲུང་གོའི་ཚོགས་འདུ་གཉིས་ལ་ཉིན་ཤས་བསྟུད་མར་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་གྲོས་བསྡུར་འཁྲུག་པོ་བྱེད་ཀྱི་ཡོད། ཕྱི་རྒྱལ་གྱི་མི་སྣས་འདི་ལོ་ནི་སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་40འཁོར་བའི་ལོ་ཞིག་ཡིན་པ་དང་ཀྲུང་གོའི་ཏང་དང་སྲིད་གཞུང་གིས་རྒྱལ་སྤྱིའི་སྤྱི་ཚོགས་ལ་བརྡ་རྟགས་གལ་ཆེན་བཏོན་པ་སྟེ། ཀྲུང་གོས་སྒྱུར་བཅོས་སྒོ་དབྱེ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། རྒྱུན་མཐུད་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བསྐྱོད་རྒྱུ་མཐའ་འཁྱོངས་བྱེད་པ། གོ་ལ་ཧྲིལ་པོའི་བཅོས་སྐྱོང་གི་སྒྱུར་བཅོས་དང་འཐུས་སྒོ་ཚང་དུ་གཏོང་བའི་ནང་ཧུར་ཐག་ཞུགས་པ་བཅས་བྱས་ཏེ་སྒོ་དབྱེ་རྣམ་པའི་འཛམ་གླིང་གི་དཔལ་འབྱོར་འཛུགས་སྐྲུན་བྱ་རྒྱུར་གཞོལ་རྒྱུ་དེ་རེད།
          པེར་ཀྲེམ་གྱི་གྲོས་ཁང་འོག་མའི་གྲོས་མི་ཧྥེ་ལི་ཕུའུ·ཏེ་དབན་ཐའེ་ཡིས་ཀྲུང་གོ་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་འཛམ་གླིང་ལ་ཀྲུང་གོས་སྒྱུར་བཅོས་སྒོ་དབྱེ་མཐའ་འཁྱོངས་བྱེད་པའི་བརྡ་རྟགས་གལ་ཆེན་སླར་ཡང་གསལ་པོ་བཏོན་ཡོད། པེར་ཀྲེམ་ཚུད་པའི་ཡོ་རོབ་མནའ་འབྲེལ་རྒྱལ་ཁབ་ཀྱི་ངོས་ནས་བརྗོད་ན་ཀྲུང་གོ་ནི་མཉམ་ལས་ཀྱི་རོགས་ཟླ་གལ་ཆེན་ཞིག་རེད་ཅེས་བཤད།
         ཨོ་སི་ཁྲུ་ལི་ཡ་ཨོ་ཀྲུང“རྒྱུད་གཅིག་ལམ་གཅིག”གི་ཐོན་ལས་མཉམ་ལས་ལྟེ་གནས་ཀྱི་ཏུང་ཧྲིའི་བློ་འདྲི་བ་ཨན་ཏེ་ལུའུ·ལུའོ་པུའུ་ཡིས། སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་40ཡི་རིང་ཐོབ་པའི་རླབས་ཆེན་གྲུབ་འབྲས་ལས་ཀྲུང་གོས་སྲིད་ཇུས་དེ་མཐའ་འཁྱོངས་བྱེད་པའི་ཆོད་སེམས་བརྟན་དུ་ཕྱིན་ཡོད། དེང་གི་ཀྲུང་གོ་དང་འཛམ་གླིང་མཉམ་འདྲེས་ཟབ་མོ་ཐུབ་ནས། འཛམ་གླིང་གི་དཔལ་འབྱོར་གནས་ཚུལ་ལེགས་གཏོང་དང་མི་དམངས་ཀྱི་འཚོ་བའི་ཆུ་ཚད་མཐོར་གཏོང་ཐད་ཉིན་བཞིན་མ་འདས་པར་ཁྲིད་སྟོན་ནུས་པ་མངོན་གྱི་ཡོད་ཅེས་བཤད།
         ཐུར་ཁེའི་རྒྱལ་སྤྱིའི་འཐབ་ཇུས་ཞིབ་འཇུག་རྩ་འཛུགས་ཀྱི་ཀྲུའུ་ཞི་གཞོན་པ་སའར་ཆིའུ་ཁེ·ཆའོ་ལ་ཁེ་ཨོ་ལུའུ་ཡིས་སྒྱུར་བཅོས་སྒོ་དབྱེ་མཐའ་འཁྱོངས་བྱས་པས་ཀྲུང་གོའི་དཔལ་འབྱོར་བརྟན་པོའི་ངང་འཕར་བ་དང་སྤྱི་ཚོགས་དར་རྒྱས་གོང་འཕེལ་བྱུང་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འཕེལ་རྒྱས་གཏོང་སྟངས་ཤིག་བཏོད་ཡོད། འགན་འཁྲི་འཁུར་མཁན་གྱི་རྒྱལ་ཁབ་ཆེན་པོ་ཞིག་ཡིན་པའི་ཀྲུང་གོས་རྒྱུན་མཐུད་འཕེལ་རྒྱས་དང་། ལྗང་མདོག་མང་གཏོང་། དབུལ་པོ་ཉུང་གཏོང་སོགས་ཐད་འཛམ་གླིང་གི་རྒྱལ་ཁབ་ཁག་དང་ལྷག་དོན་དུ་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ལ་གྲུབ་འབྲས་ཐོབ་པའི་དཔེ་མཚོན་དང་འཕེལ་རྒྱས་ཀྱི་ཐབས་ལམ་མཁོ་འདོན་བྱས་ཡོད་ཅེས་བཤད།
         ཨིར་ལན་ཏུའུ་པོ་ལིན་སློབ་ཆེན་ཀྲུང་གོ་ཞིབ་འཇུག་ཁང་གི་ཡོན་ཀྲང་ཝང་ལི་མིང་གིས་ལོ་ལྔའི་རིང་། འཕེལ་རྒྱས་གཏོང་སྟངས་བསྒྱུར་བ་དང་། དཔལ་འབྱོར་གྲུབ་ཆ་བཟང་སྒྲིག སྒུལ་ནུས་བསྒྱུར་མང་དུ་གཏོང་བ་སོགས་ཐད་ཀྲུང་གོར་མངོན་གསལ་དོད་པའི་གྲུབ་འབྲས་ཐོབ་ཡོད། ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་དང་སྦྲགས་ཀྲུང་གོའི་དཔལ་འབྱོར་ཕྱོགས་སྒྱུར་ཐད་འབྱུང་འགྱུར་སྔར་བས་ལེགས་པའི་གྲུབ་འབྲས་ཐོབ་རེ་ཡོད་ཅེས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།