འཚོལ་བཤེར།   
藏文频道
2018ལོའི་ཟླ་3ཚེས་8ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་སྤོ་མེས་རྫོང་གིས་སློབ་གྲྭའི་ཕྱི་ནང་དུ"མངོན་མིན་རིག་གནས་ཤུལ་བཞག"
    མི་ཉམས་རྒྱུན་འཛིན་བྱེད་ཚུལ་ངོ་མཚར་ཆེ་བ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 03ཚེས་08ཉིན། 16:56】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
    རལ་པ་ནང་སྦྱོང་བྱེད་བཞིན་པ།
    རལ་པ་ནང་སྦྱོང་བྱེད་བཞིན་པ།
         མི་དམངས་དྲ་བའི་འཕྲིན། ཉེ་བའི་ལོ་ཤས་རིང་། བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་སྤོ་མེས་རྫོང་གིས"མངོན་མིན་རིག་གནས་ཤུལ་བཞག"རྒྱུན་འཛིན་གཙོ་གནད་སློབ་གྲྭར་ཕྱོགས་ནས"མངོན་མིན་རིག་གནས་ཤུལ་བཞག་སློབ་གླིང་དུ་སྐྱོད"པའི་བྱེད་སྒོ་སྤེལ་བ་མཐའ་འཁྱོངས་བྱས་ཏེ"མངོན་མིན་རིག་གནས་ཤུལ་བཞག"རྒྱུན་འཛིན་བྱེད་མཁན་ཁག་ཅིག་སློབ་གླིང་དུ་བསྐྱོད་ནས"མངོན་མིན་རིག་གནས་ཤུལ་བཞག"སློབ་ཁྲིད་དང་། "མངོན་མིན་རིག་གནས་ཤུལ་བཞག"གི་འགྲན་བསྡུར། མཉམ་འགུལ་འཁྲབ་སྟོན། གསོན་ཉམས་ལྡན་པའི་འགྲེམས་སྟོན། དགེ་ཕྲུག་ཁྲིད་དེ་སློབ་ཁྲིད་བྱེད་པ་སོགས་ཀྱི་བྱ་ཐབས་ལ་བརྟེན་ནས་སློབ་གྲྭ"མངོན་མིན་རིག་གནས་ཤུལ་བཞག"སྲུང་སྐྱོང་དང་རྒྱུན་འཛིན་བྱེད་རྒྱུའི་དཔེ་སྟོན་རྟེན་གཞིར་འགྱུར་བར་བྱས་པ་རེད།
    སྤོ་དབྱངས་སློབ་བཞིན་པ།
    སྤོ་དབྱངས་སློབ་བཞིན་པ།
    སྤོ་བྲོ་སྦོ་དབྱངས་འགྲན་བསྡུར།
    སྤོ་བྲོ་སྦོ་དབྱངས་འགྲན་བསྡུར།
      

    ཕྱོགས་བསྡུས་གསར་འགྱུར།