འཚོལ་བཤེར།   
藏文频道
2018ལོའི་ཟླ་3ཚེས་8ཉིན།
  • མི་དམངས་དྲ་བ།

    ༄༅།།སྤྱི་ཁྱབ་ཧྲུའུ་ཅི་མཇལ་བ་ཚེ་འདིའི་བསོད་ནམས་ཆེ་ཤོས་ཡིན།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 03ཚེས་08ཉིན། 15:28】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།སྤྱི་ཁྱབ་ཧྲུའུ་ཅི་མཇལ་བ་ཚེ་འདིའི་བསོད་ནམས་ཆེ་ཤོས་ཡིན།
         མི་དམངས་དྲ་བའི་འཕྲིན། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི། ལྷུན་རྩེ་རྫོང་ཡུལ་སྨད་ཤང་ཡུལ་སྨད་གྲོང་ཚོ་གྲོང་དོན་ལྟ་སྐུལ་ཨུ་ལྷན་གྱི་ཀྲུའུ་རེན་སྒྲོལ་དཀར།
         སྤྱི་ཁྱབ་ཧྲུའུ་ཅིའི་འཕྲིན་ལན་འབྱོར་སྐབས། སྒྲོལ་དཀར་གྱིས“གུང་ཁྲན་ཏང་ནི་ངེད་ཚོའི་སེམས་དབུས་ཀྱི་ཉི་མ་དམར་པོ་ཡིན། སྤྱི་ཁྱབ་ཧྲུའུ་ཅིའི་འཕྲིན་ལན་གྱི་ཡིག་འབྲུ་རེ་རེས་ངེད་ཚོའི་མཐའ་མཚམས་མང་ཚོགས་ཀྱི་བསམ་འདུན་ཟབ་མོ་མཚོན་འདུག”ཅེས་སེམས་འགུལ་ཆེན་པོ་ཐེབས་བཞིན་བཤད།
         སྒྲོལ་དཀར་གྱིས་ཏང་ལ་ཧུར་ཐག་ཞུགས་པ་དང་ཕྱུགས་འཚོ་བཞིན་མཐའ་མཚམས་སྲུང་བའི་བྱ་སྤྱོད་དངོས་ལ་བརྟེན་ནས་ཏང་གི་བཀའ་དྲིན་དྲན་པ་དང་ཏང་གི་བཀའ་དྲིན་འཇལ་ཡོད། ཁོང་གིས་རང་ཉིད་ལོ་40ལ་སླེབས་སྐབས་བོད་ནས་ཐེངས་དང་པོ་ཐོན་སྟེ་ཧུའུ་ནན་དུ་མའོ་ཀྲུའུ་ཞིའི་ཕ་ཡུལ་ལ་ལྟ་སྐོར་དུ་ཕྱིན་པ་ཡིན་ཞེས་བཤད།
         ལོ་18འདས་རྗེས་ཡུལ་སྨད་ཀྱི་རྣམ་པ་གསར་རྐྱང་དུ་གྱུར། སྒྲོལ་དཀར་གྱིས“མེས་རྒྱལ་གྱི་མངའ་ཁོངས་བརྟན་པོར་གནས་པ་དང་ཡུལ་སྨད་ཇེ་ཡག་ཏུ་འགྲོ་ངེས་ལ་མིའང་ཇེ་མང་དུ་འགྲོ་ངེས་རེད”དེ་ནི་ངས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་ཕྱག་ཡིག་བསྐུར་བའི་ཐོག་མའི་བསམ་འདུན་ཡིན་ཞེས་བཤད།
         “ཏང་གི་འོད་ཟེར་མཐའ་མཚམས་སུ་འཕྲོས་པ་དང་མཐའ་མཚམས་མི་དམངས་ཀྱི་སེམས་པ་ཏང་ལ་ཕྱོགས” སྒྲོལ་དཀར་གྱིས་ད་ཕན་ལོ་ཤས་རིང་མཐའ་དར་དམངས་ཕྱུག་གི་བྱ་སྤྱོད་ལ་སྐུལ་འདེད་གཏིང་ཟབ་བཏང་བས། ཡུལ་སྨད་ཀྱི་རྨང་གཞིའི་སྒྲིག་བཀོད་ཧ་ཅང་ལེགས་སུ་ཕྱིན་པ་དང་། མཐའ་མཚམས་མི་དམངས་ཀྱི་བུ་ཕྲུག་སློབ་གྲྭར་འགྲོ་བར“འགན་ལེན་གསུམ”ལོངས་སུ་སྤྱོད་རྒྱུ་ཡོད་ལ། ན་དུས་སྨན་བཅོས་འགན་ལེན་ཐུབ་པ་དང་། ལས་ཞུགས་ཀྱི་ལས་གནས་ཡོད་པ། ཡོང་འབབ་འགན་ལེན་ཐུབ་པ། རིགས་ཁག་གི་སྲིད་ཇུས་རང་བཞིན་གྱི་ཁ་གསབ་ཟམ་མི་ཆད་པར་ཚད་གཞི་མཐོ་རུ་དང་རྒྱ་ཆེར་བཏང་བ་བཅས་བྱུང་ནས། གྲོང་ཚོ་ཡོངས་ཀྱི་མི་རྣམས་གང་མགྱོགས་སྡོད་ཁང་གསར་པར་སྤོ་རྒྱུ་རེད། ཡུལ་སྨད་ཀྱི་ལམ་ཡག་པོ་མེད་ཅིང་། སྔོན་ཆད་རྟ་བཞོན་པའམ་ཡང་ན་རྐང་ཐང་མར་འགྲོ་དགོས་པ་དང་གངས་རི་བརྒལ་བ་ཁོ་ནར་ཆུ་ཚོད་དྲུག་བདུན་ཙམ་འགོར་གྱི་ཡོད། འདི་ལོ་རྒྱལ་ཁབ་ཀྱིས་མ་དངུལ་བཏང་ནས་བསྐྲུན་པའི་སྣུམ་ནག་ལམ་ཤར་གཏོང་ཐུབ་གྲབས་ཡོད་པས་ཡུལ་སྨད་དང་མེས་རྒྱལ་གྱི་བར་ཐག་དེ་བས་ཐུང་དུ་འགྲོ་རྒྱུ་དང་ངེད་ཚོའི་སེམས་པའང་ཏང་ཀྲུང་དབྱང་དང་དེ་བས་ཉེ་རུ་འགྲོ་རྒྱུ་རེད་ཅེས་བཤད།
         སྤྱི་ཁྱབ་ཧྲུའུ་ཅིས་དམངས་ལ་གཅེས་སྐྱོང་གནང་བ་དང་ཡུལ་མི་ཚོས་ཀྱང་དུས་དང་རྣམ་པ་ཀུན་ཏུ་སྤྱི་ཁྱབ་ཧྲུའུ་ཅི་དྲན་མུས་ལགས།
         སྒྲོལ་དཀར་གྱི་བསམ་འདུན་ཆེ་ཤོས་ནི་སྤྱི་ཁྱབ་ཧྲུའུ་ཅི་མཇལ་རྒྱུ་དེ་རེད། བསམ་ཡུལ་ལས་འདས་པར་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་དང་པོའི་འགོ་འཛུགས་ཚོགས་འདུར་སྒྲོལ་དཀར་གྱིས་གུས་ཤིང་བརྩེ་བའི་སྤྱི་ཁྱབ་ཧྲུའུ་ཅི་མཇལ་ཐུབ་པ་དང་། ཁོང་གིས་སེམས་འགུལ་ཐེབས་བཞིན“སྤྱི་ཁྱབ་ཧྲུའུ་ཅི་མཇལ་བ་ངའི་ཚེ་འདིའི་བསོད་ནམས་ཆེ་ཤོས་ཡིན”ཞེས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།