འཚོལ་བཤེར།   
藏文频道
2018ལོའི་ཟླ་3ཚེས་3ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོའི་ཚོགས་འདུ་གཉིས་ཀྱི་ནང་དོན་གསར་པར་ཕྱི་རྒྱལ་གླེང་ཕྱོགས་ཀྱིས་དོ་ཁུར་བྱེད་པ། 

    ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 03ཚེས་03ཉིན། 11:06】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། 2018ལོ་ནི་ཀྲུང་གུང་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པའི་འགོ་འཛུགས་ཀྱི་ལོ་དང་། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པའི་ལོ། “ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་ལག་ལེན་བསྟར་བའི་སྔ་འཛིན་ཕྱི་མཐུད་ཀྱི་འགག་རྩའི་ལོ། སྒྱུར་བཅོས་སྒོ་འབྱེད་བྱས་ནས་ལོ་40འཁོར་བའི་ལོ་བཅས་རེད། ལོ་འདིའི་དཔྱིད་ཀར་འཚོག་པའི་ཚོགས་འདུ་གཉིས་ལ་ཕྱི་རྒྱལ་གླེང་ཕྱོགས་ཀྱིས་དོ་ཁུར་ཆེན་པོ་བྱེད་ཀྱི་ཡོད།
         རྒྱལ་སྤྱིའི་རིག་སྤེལ་གློག་འཕྲིན་ཁང་རྒྱལ་སྤྱི་པུའི་ཀྲུའུ་རེན་གཞོན་པ་ཀེ་ན་ཅི·ཁེ་ལེ་ཝུའོ་ཧྲེ་ཡེ་ཕུའུ་ཡིས་ཀྲུང་གོའི་ཚོགས་འདུ་གཉིས་ལ་སྔར་ནས་བཟུང་ཨུ་རུ་སུའི་ལས་རིགས་ཁག་གིས་དོ་ཁུར་ཧ་ཅང་ཆེན་པོ་བྱེད་ཀྱི་ཡོད། 2017ལོར་ཀྲུང་གོའི་དཔལ་འབྱོར་འཕར་ཚད་སྔོན་ཚུད་ལས་བརྒལ་བ་དང་། སྲིད་གཞུང་གི་ལས་དོན་སྙན་སྒྲོན་ཚོགས་འདུའི་ཐོག་ན་ནིང་གི་འཕེལ་རྒྱས་གྲུབ་འབྲས་ཕྱོགས་ཡོངས་ནས་ཕྱོགས་སྡོམ་བྱས་ནས་དཔལ་འབྱོར་འཕེལ་རྒྱས་ཀྱི་འཆར་གཞི་གསར་པ་བཏོན་ཡོད། ཨུ་རུ་སུའི་ལས་རིགས་ཁག་གིས་འདི་ལོའི་ཚོགས་འདུ་གཉིས་ལ་རྒྱལ་དམངས་དཔལ་འབྱོར་འཕེལ་རྒྱས་གཏོང་རྒྱུའི་ཐད་ཀྲུང་གོས་སྲིད་ཇུས་དང་བྱེད་ཐབས་གང་འདྲ་འདོན་རྒྱུར་དོ་ཁུར་ལྷག་པོ་ཆེ་བྱེད་པ་མ་ཟད། འབྲེལ་ཡོད་ཉམས་མྱོང་དཔྱད་གཞིར་ཡང་འཛིན་གྱི་ཡིན་ཞེས་བཤད།
         ཕ་ཁི་སི་ཐན་རང་ཚུགས་གསར་འགྱུར་ཁང་ཀྲུང་གོའི་ལས་སྒོའི་སྤྱི་ཁྱབ་ལྟ་ཞིབ་པ་ཅ་ཝེ་ཏི·ཨ་ཧོ་ཐར་གསར་འགྱུར་ལས་ལ་གཞོལ་ནས་ལོ་30སོང་བ་དང་པེ་ཅིང་དུ་སྡོད་རིང་ཚོགས་འདུ་གཉིས་སྤེལ་གཏོང་ལ་ཐེངས་བཞི་ཞུགས་མྱོང་ཡོད། ཁོང་གིས་ཀྲུང་གོ་ནི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཆེན་པོ་ཞིག་ཡིན་ལ་ཕ་ཁི་སི་ཐན་གྱི་གྲོགས་པོ་ཡག་ཤོས་ཀྱང་རེད། ཕ་ཁི་སི་ཐན་བ་མང་པོ་ཞིག་གིས་ཚོགས་འདུ་གཉིས་ཀྱིས་ཀྲུང་གོའི་མི་དམངས་ཀྱི་བསམ་ཚུལ་དངོས་འབྲེལ་མཚོན་ཐུབ་ལ་ཚོགས་འདུ་གཉིས་ལ་བཏོན་པའི་སྲིད་ཇུས་མང་པོ་ཞིག་གིས་ཀྲུང་གོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཐད་ཀའི་ཤུགས་རྐྱེན་ཐེབས་སྲིད་པའི་ངོས་འཛིན་བྱེད་ཀྱི་ཡོད།
         ཁ་ཐར་འཕྲིན་གཏོང་ཁང་བརྟག་ཞིབ་པུའི་ཀྲུའུ་རེན་ཧ་ལ་ཏེ·པེ་ན་ལེ་ཡིས་ས་ཁུལ་དང་རྒྱལ་སྤྱིའི་དུས་བབ་ལ་ཞིབ་འཇུག་གཏིང་ཟབ་བྱས་པ་དང་ཀྲུང་གོའི་རྒྱལ་བབ་ཀྱང་གསལ་པོ་རྟོགས་ཀྱི་ཡོད། ཁོང་གིས་ཀྲུང་གོའི་སྒྱུར་བཅོས་དང་འཕེལ་རྒྱས་ནི་ཕྱོགས་ཡོངས་ལ་ཁྱབ་པ་ཞིག་དང་། དཔལ་འབྱོར་འཕེལ་རྒྱས་དང་རུལ་སུངས་ལ་ངོ་རྒོལ་གལ་ཆེ་མཉམ་དུ་འཛིན་པ། ཚན་རྩལ་གསར་གཏོད་དང་གནད་སྨིན་དབུལ་སྐྱོར་མཉམ་དུ་བྱེད་པ། དཔལ་འབྱོར་གྱི་ངོ་མཚར་གཏོད་པ་དང་སྦྲགས་སྤྱི་ཚོགས་ཀྱི་སྤྱི་ཡོངས་མཐུན་སྦྱོར་ཡར་རྒྱས་ཡོང་བར་བྱས་ཏེ་རྒྱལ་ཁབ་ཁག་ལ་དཔྱད་གཞིར་འཛིན་འོས་པའི་རྩ་ཆེའི་ཉམས་མྱོང་མཁོ་འདོན་བྱས་ཡོད་ཅེས་བཤད།
         ཁེན་ནི་ཡའི་《མི་རིགས་ཉིན་རེའི་ཚགས་པར་》གྱི་གསར་འགོད་པ་མ་ཁེར·ཨའོ་ལི་ཏུའོ་ཡིས། ད་ཕན་ལོ་ཤས་རིང་ཨ་ཧྥེ་རི་ཁ་དང་ཀྲུང་གོའི་དབར་གྱི་འབྲེལ་བ་མགྱོགས་མྱུར་ཟབ་ཏུ་ཕྱིན་ནས་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཀྱི་དཔལ་འབྱོར་སྣ་མང་ཅན་དང་བཟོ་ལས་ཅན་གྱི་འཕེལ་རིམ་ལས་ཀྲུང་གོའི་རོགས་རམ་དང་ཁ་འབྲལ་ཐབས་མེད། ཀྲུང་གོས“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་ལ་སྔར་བས་སྐུལ་འདེད་ཇི་ལྟར་གཏོང་རྒྱུ་ནི་ང་ཚོས་དོ་ཁུར་བྱེད་པའི་གཙོ་གནད་ཅིག་རེད། དབུལ་ཕོངས་དང་། བཀྲེས་ལྟོགས། ནད་གཞི་སོགས་སེལ་བའི་གནད་དོན་ཐད་ཀྲུང་གོར་ཐོབ་པའི་གྲུབ་འབྲས་ཀྱི་ཉམས་མྱོང་ཡང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱིས་སློབ་སྦྱོང་བྱེད་འོས་པ་ཞིག་རེད་ཅེས་བཤད།
         རི་པིན་དཔལ་འབྱོར་གསར་འགྱུར་ཁང་རྒྱལ་སྤྱིའི་ཨེ་ཤེ་ཡ་པུའི་པུའུ་ཀྲང་པན་པེན་ཁྲེང་ཐའེ་ཡིས་《རི་པིན་དཔལ་འབྱོར་གསར་འགྱུར་》གྱི་པེ་ཅིང་དུ་བཅའ་སྡོད་རི་པིན་གྱི་གསར་འགོད་པ་4ཡིས་ཚོགས་འདུ་གཉིས་ཀྱི་སྐོར་ཕྱོགས་ཡོངས་ནས་གཏོང་སྤེལ་བྱ་རྒྱུ་དང་། ཐོ་ཁེའོ་སྤྱི་ཁྱབ་པུའུ་ཡིས་པར་ལེན་གསར་འགོད་པ་དང་ཡིག་འགོད་གསར་འགོད་པ་པེ་ཅིང་དུ་ཚོགས་འདུ་གཉིས་ཀྱི་ནང་དོན་སྤེལ་གཏོང་བྱེད་པར་མངགས་རྒྱུ་ཡིན་ཞེས་བཤད།
         ཧན་གོའི་《ཀྲུང་དབྱང་ཉིན་རེའི་ཚགས་པར་》གྱི་ཀྲུང་གོ་ཞིབ་འཇུག་ཁང་གི་སུའོ་ཀྲང་ཧན་ཡིའུ་ཏེ་ཡིས་《ཀྲུང་དབྱང་ཉིན་རེའི་ཚགས་པར་》གྱི་པེ་ཅིང་དུ་བཅའ་སྡོད་ཧན་གོའི་གསར་འགོད་པ་གཉིས་ཀྱིས་ཚོགས་འདུ་གཉིས་ཀྱི་གྲོས་རིམ་སྤེལ་གཏོང་ཞིབ་ཚགས་བྱས་ནས་སྲིད་གཞུང་གི་ལས་དོན་སྙན་སྒྲོན་གྱི་ནང་དོན་ལ་དོ་ཁུར་དམ་ཟབ་བྱ་རྒྱུ་མ་ཟད། ཚོགས་འདུ་གཉིས་རིང་གི་གསར་འགོད་པའི་ཚོགས་འདུ་གཙོ་གྲས་ཚང་མར་ཡང་ཞུགས་རྒྱུ་ཡིན་ཞེས་བཤད།
         ཨེ་ཅིབ་ཀྱི་《གཏོར་གཟུགས་མཆོད་རྟེན་ཚགས་པར་》གྱི་གསར་འགོད་པ་ས་སྨི·ཁ་མུའུ་ཧ་ཝེ་ཡིས“མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ”ཀྱིས་མཚོན་པའི་ཐ་སྙད་ཁག་གཅིག་སྨྱན་སྦྱོར་གྱིས་སྔ་ས་ནས་དྲིལ་བསྒྲགས་དང་འགྲེལ་བཤད་བརྒྱབ་པས་ཨེ་ཅིབ་བ་ཚང་མས་ཤེས་ཀྱི་ཡོད། གླེང་ཕྱོགས་ཀྱིས་ཐ་སྙད་དེ་དག་ལ་རྒྱུས་མངའ་ལོན་ཤུགས་ཟམ་མི་ཆད་པར་ཆེ་རུ་འགྲོ་བཞིན་ཡོད། གོ་ལ་ཧྲིལ་པའི་བཅོས་སྐྱོང་འདུ་ཤེས་ཡིན་པའི“མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ”ལ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རྒྱབ་སྐྱོར་སྔར་ལས་མང་བ་བྱེད་ཀྱི་ཡོད་ཅེས་བཤད།
         པར་ཙིར་གྱི་《པ་ཞི་ལི་ཡའི་སྦྲག་སྲིད་ཚགས་པར་》གྱི་གསར་འགོད་པ་པའོ་ལུའོ·ཐར་སུའོ་ཡིས་ཀྲུང་གུང་ཚོགས་ཆེན་བཅུ་དགུ་པ་འཚོག་རིང་པེ་ཅིང་དུ་བསྐྱོད་ནས་གནས་ཚུལ་སྤེལ་གཏོང་བྱེད་མྱོང་བས་ཀྲུང་གོའི་དཔལ་འབྱོར་དང་སྤྱི་ཚོགས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་བྱུང་བར་བག་ཆགས་གཏིང་ཟབ་བྱུང་ཡོད། ཁོང་གིས་ཕྱོགས་གཉིས་ཀྱི་དཔལ་འབྱོར་ཚོང་དོན་འགྲོ་འོང་ཟམ་མི་ཆད་པར་ཟབ་ཏུ་ཕྱིན་ནས་ཀྲུང་གོའི་སྤུས་རྟགས་སྔར་བས་མང་བ་པར་ཙིར་གྱི་སྤྱིར་བཏང་དམངས་ཚོགས་ཀྱི་འཚོ་བའི་ནང་ཐོན་ཡོད། ངས་སྤྱིར་བཏང་དམངས་ཚོགས་ཀྱིས་ཤེས་རྟོགས་ཐུབ་པའི་ཉེ་འགྲམ་གྱི་བྱ་དངོས་ནས་འགོ་བཙུགས་ཏེ“རྒྱུད་གཅིག་ལམ་གཅིག”དང“མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ”ཀྱི་ནང་དོན་ངོ་སྤྲོད་བྱས་ནས་པར་ཙིར་བས་དེའི་ཁྲོད་ཀྱི་ནང་དོན་ཟབ་མོ་ཤེས་རྟོགས་གཏིང་ཟབ་ཐུབ་པ་བྱ་རྒྱུ་ཡིན་ཞེས་བཤད།
         ཨ་ཧེ་ཐར་གྱིས“རྒྱུད་གཅིག་ལམ་གཅིག”ཕ་ཁི་སི་ཐན་གྱི་གསར་འགྱུར་སྤེལ་གཏོང་ཁྲོད་ཐོན་མང་བའི་ཐ་སྙད་ཅིག་རེད། “རྒྱུད་གཅིག་ལམ་གཅིག”སྒྲོམ་གཞིའི་ཁྲོད་ཀྱི་ཀྲུང་ཕའི་དཔལ་འབྱོར་བར་འཁྱམས་ཕ་ཁི་སི་ཐན་གྱི་དཔལ་འབྱོར་འཕེལ་རྒྱས་དང་དམངས་འཚོ་ལེགས་གཏོང་དང་ཐད་ཀར་འབྲེལ་བ་ཡོད་པས། གོང་སྲིད་གཞུང་དང་འོག་དམངས་ཚོགས་ཚང་མས“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་ལ་དོ་ཁུར་བྱེད་ཀྱི་ཡོད་ཅེས་བརྗོད་ཆོག་ཅེས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།