འཚོལ་བཤེར།   
藏文频道
2018ལོའི་ཟླ་3ཚེས་3ཉིན།
  • མི་དམངས་དྲ་བ།

    ༄༅།།ལི་པེ་རི་ཡས་ཀྲུང་གོའི་ཞི་བདེ་སྲུང་སྐྱོང་ཉེན་རྟོག་གཏུམ་འགོག་རུ་ཁག་ལྔ་པར་རྒྱལ་ཁབ་ཀྱི་
    བྱ་དགའ་གནང་བ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 03ཚེས་03ཉིན། 11:01】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། མོང་རོ་ཝི་ཡ་ནས་གནས་ཚུལ་འབྱོར་གསལ། ཚེས་28ཉིན་ལི་པེ་རི་ཡའི་ཙུང་ཐུང་ཆའོ་ཀྲེ་·ཝེ་ཨས་ལི་པེ་རི་ཡར་བཅའ་སྡོད་ཀྲུང་གོའི་ཞི་བདེ་སྲུང་སྐྱོང་ཉེན་རྟོག་གཏུམ་འགོག་རུ་ཁག་ལྔ་པའི་འཐུས་མི་དང་བཅས་པར་མཇལ་འཕྲད་གནང་བ་དང་ཆབས་ཅིག་གཏུམ་འགོག་རུ་ཁག་ལ“ལི་པེ་རི་ཡའི་རྒྱལ་ཁབ་ཀྱི་བྱ་དགའ”སྤྲད་པ་རེད། ལི་པེ་རི་ཡ་སྲིད་གཞུང་གི་ཁོངས་མི་ཆ་ཤས་དང་ལི་པེ་རི་ཡར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་དྲག་དཔོན་ཀྲང་ཀན། དེ་བཞིན་སྤྱི་བདེ་པུའི་ཕྱིར་ཐེན་ལས་དོན་མཛུབ་ཁྲིད་ཚོགས་ཆུང་གི་མི་སྣ་མཇལ་འཕྲད་བྱེད་སྒོར་ཞུགས་ཡོད་པ་རེད།
          ཝེ་ཨས་མཇལ་འཕྲད་གནང་སྐབས“ཁྱེད་ཚོ་ཕ་ཡུལ་དུ་ལོག་རྒྱུ་རེད། ཁྱེད་ཚོས་ཞི་བདེ་སྲུང་སྐྱོང་ལ་ལེགས་སྐྱེས་ཕུལ་བར་ཐུགས་རྗེ་ཆེ་ཞུ་རྒྱུ་མ་ཟད། ཁྱེད་ཚོས་ལི་པེ་རི་ཡར་ལེགས་སྐྱེས་ཕུལ་བར་ཡང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཀྲུང་གོ་སྲིད་གཞུང་དང་མི་དམངས་ལ་ངའི་འཚམས་འདྲི་དང་གུས་འདུད་ཞུ་ལུགས་བརྒྱུད་བསྒྲགས་བྱེད་རོགས་གནང”ཞེས་བརྗོད་རྗེས་ཁོང་གིས་རྒྱ་སྐད་བརྒྱབ་ནས“ཐུགས་རྗེ་ཆེ”ཞུས་པ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། ལི་པེ་རི་ཡར་བཅའ་སྡོད་ཀྲུང་གོའི་ཞི་བདེ་སྲུང་སྐྱོང་ཉེན་རྟོག་གཏུམ་འགོག་རུ་ཁག་ལྔ་པའི་ཁོངས་མི་ཡོངས་ཀྱི་ཁྲོད་ནས་ཕལ་ཆེ་བ་ཚེས་28ཉིན་གྱི་ཕྱི་དྲོ་གནམ་གྲུར་བསྡད་དེ་རང་རྒྱལ་དུ་ཕྱིར་ལོག་བྱས་པ་དང་། གཏུམ་འགོག་རུ་ཁག་གི་ཁོངས་མི་ཁག་གཅིག་སྔར་བཞིན་ལས་གནས་བརྟན་སྲུང་བྱེད་བཞིན་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།