འཚོལ་བཤེར།   
藏文频道
2018ལོའི་ཟླ་2ཚེས་5ཉིན།
  • མི་དམངས་དྲ་བ།

    ༄༅།།ལྕགས་ལམ་དང་འབྲེལ་ཡོད་སྡེ་ཚན་གྱིས་དཔྱིད་གསར་སྐྱེལ་འདྲེན་ཞབས་ཞུ་དང་བདེ་འཇགས་
    དོ་དམ་ལ་ཤུགས་སྣོན་བརྒྱབ་ནས་འགྲུལ་པ་བློ་བདེ་བག་ཕེབས་ངང་འགྲོ་སྐྱོད་ཐུབ་པ་བྱེད་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 02ཚེས་05ཉིན། 11:14】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། དཔྱིད་གསར་སྐྱེལ་འདྲེན་དངོས་སུ་འགོ་ཚུགས་པ་དང་བསྟུན་ནས་ལྕགས་ལམ་གྱི་འགྲུལ་རྒྱུན་གནོན་ཤུགས་རིམ་བཞིན་ཆེ་རུ་ཕྱིན་ཞིང་། ཚེས་2ཉིན། རྒྱལ་ཡོངས་ལྕགས་ལམ་གྱིས་འགྲུལ་པ་མི་ཐེངས་ཁྲི་850ཙམ་བསྐྱལ་བ་དང་འགྲུལ་སྐྱེལ་དུས་གཏན་མེ་འཁོར་600ལྷག་ཙམ་མང་དུ་བཏང་བ་རེད། འགྲུལ་པའི་བདེ་འཇགས་འགན་ལེན་དང་བློ་བདེ་བག་ཕེབས་ངང་འགྲོ་སྐྱོད་ཐུབ་པ་བྱ་ཆེད། ལྕགས་ལམ་དང་འབྲེལ་ཡོད་སྡེ་ཚན་གྱིས་དཔྱིད་གསར་སྐྱེལ་འདྲེན་ཞབས་ཞུ་དང་བདེ་འཇགས་དོ་དམ་ལ་ཤུགས་སྣོན་བརྒྱབ་པ་རེད།
         འགྲུལ་པ་བདེ་བླག་ངང་འགྲོ་སྐྱོད་བྱ་རྒྱུ་འགན་ལེན་བྱ་ཆེད། ནན་ཁྲང་ལྕགས་ལམ་ཅུས་ཚོགས་པས་སྐྱེལ་འདྲེན་བྱེད་ཤུགས་སྔར་བས་ཆེ་རུ་གཏོང་ཆེད་དཔྱིད་གསར་སྐྱེལ་འདྲེན་བྱེད་རིང་འགྲོ་འོང་དུས་གཏན་མེ་འཁོར་ཆ་112མང་དུ་བཏང་བ་དང་། ཁོང་ཚོས་ནན་ཁྲང་དང་། ཧྥུའུ་ཀྲོའུ། ཞ་མོན་སོགས་མེ་འཁོར་བབས་ཚུགས་ཀྱི་ཞབས་ཞུའི་སྟེགས་བུས་འགྲུལ་པར་འགྲོ་སྐྱོད་ཀྱི་དཀའ་གནད་རྟག་ཏུ་སེལ་རོགས་བྱས་པ་དང་ཆབས་ཅིག འགྲུལ་པ་གཙོ་གྲས་ཀྱི་མེ་འཁོར་སྒུག་ཁང་ཆེད་མངགས་བཙུགས་ཏེ་སྤ་སེ་ཉོ་བ་དང་། བབས་ཚུགས་ནང་འཛུལ་བ། སྤ་སེ་ཞིབ་བཤེར་བཅས“སྔོན་དུ་གསུམ”གྱི་ཞབས་ཞུ་མཁོ་འདོན་བྱས་པ་རེད།
         ཤིས་ཨན་ནས་ཁྲེང་ཏུའུ་བར་གྱི་མྱུར་བགྲོད་ལྕགས་ལམ་ནི་འདི་ལོ་དཔྱིད་གསར་སྐྱེལ་འདྲེན་བྱེད་ཐེངས་ཐོག་མ་ཡིན་པ་དང་། ཉིན་རེའི་སྐྱེལ་འདྲེན་བྱེད་ཚད་ནི་པའོ་ཅི་ནས་ཁྲེང་ཏུའུ་བར་གྱི་ལྕགས་ལམ་གྱི་ལྡབ་བཞི་ཡིན་པ་རེད། དཔྱིད་གསར་སྐྱེལ་འདྲེན་རིང་ཤིས་ཨན་ལྕགས་ལམ་ཅུས་ཚོགས་པས་འགྲོ་འོང་དུས་གཏན་མེ་འཁོར་79.5མང་དུ་བཏང་བ་དང་། འགྲོ་འོང་མེ་འཁོར་གཏོང་ཚད་བསྡོམས་འབོར་425ཟིན་ནས་དེ་གོང་ལོའི་དཔྱིད་གསར་སྐྱེལ་འདྲེན་གྱི་ཚད་གཞི་གསར་པ་བཏོད་ཡོད། དེ་མིན་ད་དུང་ཤིས་ཨན་ནས་པེ་ཅིང་དང་ཧྲང་ཧའེ་ཕྱོགས་སུ“མཚན་མོའི”འགྲོ་འོང་མྱུར་བགྲོད་ལྕགས་ལམ་གྱི་མེ་འཁོར་5མང་དུ་བཏང་ཡོད་པ་རེད།
         འདི་ལོའི་དཔྱིད་གསར་སྐྱེལ་འདྲེན་རིང་། རྒྱལ་ཡོངས་སུ་མྱུར་བགྲོད་ལྕགས་ལམ་སྤྱི་ལེ་3000ལྷག་ཙམ་གསར་དུ་བསྐྲུན་ནས་སྐྱེལ་འདྲེན་བྱེད་འགོ་ཚུགས་པ་དང་། བཀོད་གཏོང་ལ་ཤུགས་སྣོན་བརྒྱབ་པ་དང་ཆབས་ཅིག་གློག་ཤུགས་བདེ་འཇགས་འགན་ལེན་བྱ་རྒྱུའང་བདེ་འཇགས་གཉེར་སྐྱོང་གི་གཙོ་གནད་ཡིན་པ་རེད། རྒྱལ་ཁབ་གློག་དྲ་ལི་ཆིང་གྲོང་ཁྱེར་གློག་འདོན་ཀུང་སིས་ས་གནས་དེ་གའི་ལྕགས་ལམ་སྡེ་ཚན་དང་འབྲེལ་བ་ཧུར་ཐག་བྱས་ཏེ་དཔྱིད་གསར་སྐྱེལ་འདྲེན་རིང་གློག་གཏོང་ཐེག་ཚད་ཤུགས་ཆེན་འཕར་བའི་གནས་ཚུལ་དང་ཟུང་འབྲེལ་བྱས་ནས་གློག་དྲ་འཁོར་སྐྱོད་ལྟ་སྐུལ་ཚོད་འཛིན་ལ་ཤུགས་སྣོན་བརྒྱབ་ཏེ་འཁོར་སྐྱོད་བྱེད་ཐབས་དུས་ཐོག་ཏུ་སྙོམས་སྒྲིག་བྱས་ཐོག་གློག་གཏོང་གློག་ལམ་གལ་ཆེན་ལ་དམར་ཕྱིའི་དྲོད་ཚད་ཚད་ལེན་སྐོར་ཞིབ་བྱེད་མང་དུ་བཏང་སྟེ་གློག་མཁོ་འདོན་གྱི་སྒྲིག་ཆས་སྐྱོན་མེད་ནུས་ལྡན་ཡིན་མིན་དུས་ཐོག་ཏུ་ཤེས་རྟོགས་ཐུབ་པ་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།