འཚོལ་བཤེར།   
藏文频道
2018ལོའི་ཟླ་2ཚེས་5ཉིན།
  • མི་དམངས་དྲ་བ།

    ༄༅།།ཧྲན་ཤིས་སུ་འདི་ལོ་མི་འབོར་དབུལ་པོ་ཁྲི་61དབུལ་སྒྲོལ་ཐུབ་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 02ཚེས་05ཉིན། 11:12】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། འདི་ལོར་ཧྲན་ཤིས་ཀྱིས་ཤིན་ཏུ་དབུལ་བའི་འགག་སྒྲོལ་ཐད་སྟོབས་ཤུགས་གཅིག་སྡུད་བྱས་ནས་རྫོང་དབུལ་པོ་26གི་དབུལ་ཞྭ་འབུད་པ་དང་། གྲོང་ཚོ་དབུལ་པོ་2200ཙམ་དབུལ་པོའི་གནས་ལས་སྒྲོལ་བ། མི་འབོར་དབུལ་པོ་ཁྲི་61དབུལ་སྒྲོལ་ཐུབ་རྒྱུ་བཅས་ཀྱི་འགན་ལེན་བྱ་རྒྱུ་ཡིན་པ་རེད།
         ཧྲན་ཤིས་ནི་རང་རྒྱལ་གྱི་ཅུང་དབུལ་བའི་ཞིང་ཆེན་ཞིག་རེད། རྒྱལ་ཡོངས་ཀྱི་གཅིག་སྡུད་ཡུག་སྦྲེལ་གྱི་དམིགས་བསལ་དཀའ་ངལ་ཡོད་པའི་ས་ཁུལ་14ཡི་ཁྲོད་ཧྲན་ཤིས་སུ་2ཡོད་པ་རེད། 2016ལོའི་ལོ་མཇུག་བར། ཧྲན་ཤིས་སུ་མི་འབོར་དབུལ་པོ་ཁྲི་144.2ཡོད་པ་དང་དབུལ་པོ་ཐོན་ཚད་5.94%ཟིན་པ་དེ་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་མཐོ་བ་ཡོད་པ་རེད།
         2017ལོར་ཧྲན་ཤིས་ཞིང་ཆེན་དུ་རྫོང་དབུལ་པོ་15ཡིས་དབུལ་ཞྭ་ཕུད་པ་དང་། གྲོང་ཚོ་དབུལ་པོ་2500དབུལ་པོའི་གནས་ལས་སྒྲོལ་བ། མི་འབོར་དབུལ་པོ་ཁྲི་74ཙམ་དབུལ་སྒྲོལ་ཐུབ་ནས་དབུལ་པོ་ཐོན་ཚད་4%མན་ཐེངས་དང་པོར་ཆག་ཡོད་པ་རེད།
         ཧྲན་ཤིས་ཞིང་ཆེན་དབུལ་སྐྱོར་གཞུང་ལས་ཁང་གི་འབྲེལ་ཡོད་འགན་འཁུར་བས། ཧྲན་ཤིས་ཀྱིས་ལོ་ལྔའི་དབུལ་སྒྲོལ་འགག་སྒྲོལ་དེ“2+3”ལ་དབྱེ་ནས་ལོ་དང་པོ་དང་གཉིས་པར་ཆ་རྐྱེན་ལེགས་པའི་ས་ཁུལ་འགའ་ཤས་སྔོན་ལ་དབུལ་སྒྲོལ་ཐུབ་པ་དང་། ངལ་རྩོལ་ནུས་ཤུགས་ཡོད་པའི་མི་འབོར་དབུལ་པོ་མང་ཆེ་བ་ཞིག་ཀྱང་ཐོན་ལས་ཀྱི་ལས་ཞུགས་ལ་བརྟེན་ནས་དབུལ་སྒྲོལ་ཐུབ་པ་བྱ་རྒྱུ། ལོ་གསུམ་པ་ནས་ལྔ་པ་བར་མི་འབོར་དབུལ་པོ་ལྷག་མ་ཕལ་ཆེ་བ་ཆ་རྐྱེན་ཞན་པ་དང་། རྨང་གཞི་སྐྱོ་བ། དབུལ་པོ་ཚབས་ཆེ་བ་བཅས་ཀྱི་ས་ཁུལ་དུ་གཅིག་སྡུད་བྱས་པ་མ་ཟད་རྒན་རྒོན་དང་། དབང་པོ་སྐྱོན་ཅན། ནད་གཞི་ལྕི་པོ་ཕོག་མཁན་མང་ཆེ་བ་ཡིན་པ་རེད།
         ངོ་སྤྲོད་བྱས་པར་གཞིགས་ན། འདི་ལོ་ཧྲན་ཤིས་ཀྱིས་རིགས་དབྱེ་མཛུབ་ཁྲིད་དང་། གནད་སྨིན་ཤུགས་འདོན་བྱས་ནས་ཤིན་ཏུ་དབུལ་བའི་རྫོང་གཅིག་སྡུད་འགག་སྒྲོལ་བྱེད་པ་དང་། དབུལ་སྒྲོལ་གྱི་ཁྱད་ལྡན་རྫོང་བཏོད་པ་དང་། དབུལ་ཞྭ་ཕུད་པའི་རྫོང་སྲ་བརྟན་དང་གོང་མཐོར་བཏང་སྟེ་རྫོང་དབུལ་པོ་26དབུལ་ཞྭ་འབུད་པ་དང་། གྲོང་ཚོ་དབུལ་པོ་2232དབུལ་པོའི་གནས་ལས་སྒྲོལ་བ། མི་འབོར་དབུལ་པོ་ཁྲི་61དབུལ་སྒྲོལ་ཐུབ་པ་བཅས་ཀྱི་འགན་ལེན་བྱས་ནས་དབུལ་པོ་ཐོན་ཚད་2%མན་ཆག་པ་བྱ་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།