འཚོལ་བཤེར།   
藏文频道
2018ལོའི་ཟླ་2ཚེས་5ཉིན།
  • མི་དམངས་དྲ་བ།

    ༄༅།།2017ལོར་ཤང་ཀང་གི་སིལ་ཚོང་དང་ཡུལ་སྐོར་ལས་རིགས་གཉིས་ཀའི་གྲངས་གཞི་ཆག་
    མཚམས་ཆད་ནས་འཕར་འགོ་ཚུགས་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 02ཚེས་05ཉིན། 11:08】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། 2017ལོའི་ཤང་ཀང་གི་སིལ་ཚོང་དང་ཡུལ་སྐོར་ལས་རིགས་གཉིས་ཀ་གོང་འཕེལ་བྱུང་ནས་ཁྲོམ་ར་ཆེན་པོ་གཉིས་ཀ་བརྟན་པོའི་ངང་སླར་གསོ་འགྲོ་ཚུལ་མངོན་པ་དང་ཆབས་ཅིག་འཛད་སྤྱོད་པའི་ཡིད་ཆེས་ཀྱང་མུ་མཐུད་ཆེ་རུ་སོང་ཡོད།
         ཚེས་1ཉིན་ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་བསྡོམས་རྩིས་ཁྲུའུ་ཡིས་ན་ནིང་ཤང་ཀང་གི་སིལ་ཚོང་ལས་རིགས་ཀྱི་ཟོག་བཙོངས་རིན་ཐང་བསྡོམས་འབོར་ནི་ཤང་ཀང་སྒོར་མོ་དུང་ཕྱུར་4461ཟིན་ནས་2016ལོ་དང་བསྡུར་ན་2.2%འཕར་བ་དེས་2014ལོ་ནས་བསྟུད་མར་ལོ་3ཆག་པའི་རྣམ་པར་འགྱུར་ལྡོག་བྱུང་ཡོད། དེའི་ནང་ཡུལ་སྐོར་བའི་གྲངས་འབོར་དང་འབྲེལ་བ་དམ་ཟབ་ཡོད་པའི་རིན་ཆེན་རིགས་དང་། ཆུ་ཚོད་རིགས། བྱུག་རྫས་རིགས་སོགས་ཀྱི་འཕར་ཚུལ་ཤུགས་ཆེར་སོང་ནས་5%ལས་བརྒལ་བ་ཁྱབ་བསྒྲགས་བྱས་པ་རེད།
        ཤང་ཀང་ཡུལ་སྐོར་འཕེལ་རྒྱས་ཅུས་ཀྱི་གྲངས་གཞི་ལས་མངོན་གསལ། 2017ལོར་ཤང་ཀང་དུ་སྐྱོད་མཁན་ཡུལ་སྐོར་བ་3.2%འཕར་ནས་ལོ་གཉིས་བསྟུད་མར་ཆག་པའི་རྣམ་པར་འགྱུར་ལྡོག་བྱུང་ཡོད། དེའི་ནང་2016ལོར་ཤང་ཀང་དུ་སྐྱོད་མཁན་ཡུལ་སྐོར་བ་4.5%ཆག་པ་དང་2015ལོར་2.5%ཆག་ཡོད། 2017ལོར་ཤང་ཀང་དུ་སྐྱོད་མཁན་ནང་སའི་ཡུལ་སྐོར་བ་འཕར་འགོ་ཚུགས་ནས་དུས་མཚུངས་ལས་3.9%འཕར་ཡོད།
         ཕུའུ་ཧྭ་ཡུང་ཏའོ་འཛད་སྤྱོད་ཁྲོམ་རའི་ལས་རིགས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོའི་ས་ཁུལ་དང་ཤང་ཀང་དང་དེ་བཞིན་ཀྲུང་གོའི་ནང་སའི་གཙོ་གཉེར་བ་དང་རོགས་ཟླ་ཀྲེན་ཧོན་རན་གྱིས་ཤང་ཀང་དང་ཐ་ན་གོ་ལ་ཧྲིལ་པོའི་མ་རྐང་ཁྲོམ་ར་དང་ཚོང་སྒྱུར་ཁང་པའི་ཁྲོམ་རས་ཟིན་ཐོ་གསར་པ་བཏོད་ནས་རྒྱུ་ནོར་གྱི་ཕན་ནུས་མངོན་གསལ་དོད་པོ་བཏོད་པ་དང་འཛད་སྤྱོད་བྱེད་འདོད་ཤུགས་ཆེར་བཏང་ཡོད། གཞན་ཡང་། སྤྱི་ཚོགས་ཀྱི་རྣམ་པ་ཉིན་རེ་ལས་མ་འདས་པར་ཞི་ལྷོད་དང་ལེགས་སུ་སོང་ནས་ཤང་ཀང་དུ་ཡུལ་སྐོར་དུ་སྐྱོད་མཁན་མང་དུ་ཕྱིན་པ་དང་ལྷག་པར་དུ་ནང་སའི་ཡུལ་སྐོར་བ་འཕར་ཚད་བསམ་ཚོད་ལྟར་བྱུང་བ་མ་ཟད། ལས་ཀ་ཤོར་ཚད་དམའ་བ། དེ་བཞིན་ཉེ་ཆར་ཨ་སྒོར་གྱིས་དངུལ་ལོར་གཙོ་གྲས་ལ་ཤུགས་རྐྱེན་ཐེབས་ཤུགས་ཆུང་དུ་སོང་བ་སོགས་རྒྱུ་རྐྱེན་སྣ་ཚོགས་ལ་བལྟས་ན། ཤང་ཀང་གི་སིལ་ཚོང་ལས་རིགས་ལ་ཕན་པ་ཡོད་པ་མ་ཟད། ད་དུང་མ་འོངས་ཀྱི་ལོ་ལྔའི་ནང་ཚུན་དུ་2013ལོའི་ཟིན་ཐོ་མཐོ་ཤོས་ལས་བརྒལ་ནས་སླར་ཡང་ཟིན་ཐོ་གསར་པ་གཏོད་ཐུབ་རེ་ཡོད་ཅེས་བཤད།
         ཀྲུང་གོ་དངུལ་ཁང་ཤང་ཀང་གི་མཐོ་རིམ་དཔལ་འབྱོར་ཞིབ་འཇུག་པ་ཚའེ་ཡུང་ཞུང་གིས་མིག་སྔར་ཤང་ཀང་གི་སིལ་ཚོང་ལས་རིགས་ལེགས་སྒྲིག་བྱེད་པའི་དུས་མཚམས་སུ་གནས་ཡོད་པས་ལོ་ཤས་སོང་རྗེས་འཕར་ཤུགས་ཆེ་བའི་རྣམ་པ་སླར་ཡང་གཏོད་ཐུབ་རེ་ཡོད། དེའི་ནང་ནང་སའི་ཡུལ་སྐོར་བ་མང་དུ་ཕྱིན་པ་དེས་དགེ་མཚན་ལྡན་པའི་ནུས་པ་ཐོན་རྒྱུ་ཡིན་པའི་ངོས་འཛིན་གནང་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།