འཚོལ་བཤེར།   
藏文频道
2018ལོའི་ཟླ་2ཚེས་5ཉིན།
  • མི་དམངས་དྲ་བ།

    ༄༅།།"སྦྲག་སྐུར་མྱུར་སྐྱེལ་བའི་ཆེད་སྤྱོད་མེ་འཁོར"གཏོང་རྒྱུ་ཡིན་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 02ཚེས་05ཉིན། 11:10】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། དཔྱིད་གསར་དུས་ཆེན་རིང་སྦྲག་སྐུར་མྱུར་སྐྱེལ་བ་ཕ་ཡུལ་དུ་ལོག་པའི"སྤ་སེ་ཉོ་དཀའ་བའི"དཀའ་ངལ་སེལ་རོགས་བྱ་ཕྱིར། ཚའེ་ཉའོ་དྲ་རྒྱས་ཀྲུང་གོ་ལྕགས་ལམ་སྤྱི་ཁྱབ་ཀུང་སི་དང་མཉམ་ལས་བྱས་ཏེ་མྱུར་བགྲོད་ཀྱི"སྦྲག་སྐུར་མྱུར་སྐྱེལ་བའི་ཆེད་གཏོང་མེ་འཁོར"གླས་ནས་ལོ་ཧྲིལ་པོར་བསྐུར་མ་མྱུར་སྐྱེལ་ལས་ལ་གཞོལ་མཁན་ཚོ་ཕ་ཡུལ་ལ་ལོ་གསར་གཏོང་བར་བསྐྱལ་རྒྱུ་རེད།
         ད་རེས་ཀྱི"སྦྲག་སྐུར་མྱུར་སྐྱེལ་བའི་ཆེད་གཏོང་མེ་འཁོར"གྱི་ཨང་རྟགས་ནི་G4037ཡིན་པ་དང་། འགོ་པེ་ཅིང་ནུབ་ཚུགས་ནས་ཀྲུའོ་ཀྲོའུ་ཤར་རྒྱུད་དང་། པའོ་ཏིང་དང་། ཧྲི་ཅ་ཀྲོང་བརྒྱུད་མཇུག་ལུའོ་དབྱང་གི་ལུང་མོན་བར་རེད། མྱུར་བགྲོད་མེ་འཁོར་G4037རྟགས་ཅན་བདམས་དོན་གང་ཡིན་ཞེ་ན། བསྡོམས་རྩིས་ལ་གཞིགས་ཚེ། པེ་ཅིང་ལ་སྦྲག་སྐུར་མྱུར་སྐྱེལ་བྱེད་མཁན་ཁྲོད་ཧོ་པེ་བ་དང་ཧོ་ནན་བས་གྲངས་འབོར་གྱི་ཨང་དང་པོ་དང་གཉིས་པ་ཟིན་པས་རེད།
          ལས་གནས་བརྟན་སྲུང་བྱེད་པའི་སྦྲག་སྐུར་མྱུར་སྐྱེལ་བར་རོགས་རམ་དང་ལྕག་སྐུལ་བྱ་ཆེད། "སྦྲག་སྐུར་མྱུར་སྐྱེལ་བའི་ཆེད་གཏོང་མེ་འཁོར"གཏོང་བའི་དུས་ཚོད་ནི་ཟླ་2ཚེས་13ལུགས་རྙིང་གི་ཟླ་བཅུ་གཉིས་པའི་ཚེས་ཉེར་བརྒྱད་ཉིན་ཡིན་པ་དང་། དེ་དུས་ཕ་ཡུལ་ལ་ཕྱིར་ལོག་མཁན་ཕྱི་ཤོས་ཀྱི་སྦྲག་སྐུར་མྱུར་སྐྱེལ་བ་ཁག་གཅིག་སྐྱེལ་རྒྱུ་ཡིན་པ་རེད། དཔྱིད་གསར་སྐྱེལ་འདྲེན་རིང་ལས་རེས་འཁེལ་བའི་སྦྲག་སྐུར་མྱུར་སྐྱེལ་བར་ཚའེ་ཉའོ་དྲ་རྒྱས་དེ་གོང་དུ་མི་རེར་མཐོ་ཤོས་ལ་སྒོར་3000ཡི་ནང་མི་མཉམ་འཛོམས་ཀྱི་ཐེབས་རྩ་སྤྲད་དེ་ཁྱིམ་མི་རང་ཉིད་ཀྱི་གམ་དུ་ལོ་གསར་གཏོང་བར་འཁྲིད་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་ཡིན་པའི་ཁྱབ་བསྒྲགས་བྱས་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།