འཚོལ་བཤེར།   
藏文频道
2018ལོའི་ཟླ་2ཚེས་5ཉིན།
  • མི་དམངས་དྲ་བ།

    ༄༅།།རྔ་པས་ལྗང་མདོག་འཕེལ་རྒྱས་ལ་བརྟེན་ནས་བདེ་སྐྱིད་ཀྱི་སྒྲོན་མེ་སྤར་བ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 02ཚེས་05ཉིན། 11:08】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
        མི་དམངས་དྲ་བའི་འཕྲིན། ནམ་ལངས་མ་ཐག་རྒྱུན་གཏན་དང་འདྲ་བར་བསོད་ནམས་ཀྱིས་ཀྱང་ལམ་རྒྱགས་ཁྱེར་ནས་ལག་ཤུབས་དང་ཞྭ་མོ་གྱོན་ཏེ་ཁྱིམ་གྱི་ཁ་སྤྲོད་དུ་གནས་པའི་ནགས་ཚལ་གྱི་ཕྱོགས་སུ་ཐོན། “མིས་འབུད་ཤིང་གཅོད་དོགས་འདུག་པས། སྐོར་གཡེང་ལ་འགྲོ་དགོས”ཞེས་བཤད། བསོད་ནམས་ཡེ་ཤེས་ནི་སི་ཁྲོན་ཞིང་ཆེན་རྔ་པ་ཀྲོའུ་འཛམ་ཐང་རྫོང་བུག་རྗེ་ཤང་ཕྱུག་ཤུལ་གྲོང་ཚོའི་ཡིག་ཚགས་དང་གཱ་བཟོས་པའི་དབུལ་པོ་ཡིན་པ་དང་། ཀྲོའུ་ཡོངས་སུ་མང་ཚོགས་དབུལ་པོ་3038ཁོང་དང་འདྲ་བར་སྣོད་བཅུད་སྲུང་སྐྱོང་གི་ལས་གནས་སུ་བསྐྱོད་པས་དུད་ཚང་རེར་ལོར་ཡོང་འབབ་སྒོར་4800བྱུང་ཡོད།
         བསོད་ནམས་ཡེ་ཤེས་ནི་རྔ་པ་ཀྲོའུ་ཡི་ལྗང་མདོག་འཕེལ་རྒྱས་ལས་ཕན་པ་ཐོབ་མཁན་ཞིག་རེད། ཏང་གི་ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་ནང“སྔོ་ཞིང་དྭངས་པའི་རི་ཆུ་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་འཛུགས་པ་དང་ལག་ལེན་བསྟར་དགོས་པ”བཏོན་གནང་བས། རྔ་པ་ཀྲོའུ་ཡི་གོང་འོག་ཚང་མས་ཕྱར་བ་གྲུ་འདེགས་དང་རྒྱུན་སྲིང་ལྷོད་མེད་བྱེད་པ་དང་། ལམ་སྲོལ་ཟམ་མི་ཆད་པར་གསར་གཏོད། སྣོད་བཅུད་རྒྱུན་མཐུད་ལེགས་གཏོང་། མང་ཚོགས་ཀྱི་ཡོང་འབབ་བརྟན་པོ་ཡོང་བ་བཅས་བྱས་ཏེ། མི་རིགས་ས་ཁུལ་གྱི་ཁོར་ཡུག་སྲུང་སྐྱོང་བཅོས་སྒྲིག་དང་སྣོད་བཅུད་ཐོན་ཁུངས་གསར་སྤེལ་མཉམ་འཛིན་གྱི་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་གི་ལམ་བུ་གསར་པ་ཞིག་འཚོལ་ཞིབ་བྱས་ཡོད།
         ཐོན་ལས་ཀྱི་བཀོད་པའི་ཇུས་གཞི་ཡག་པོ་བཏིངས་པ།
         “5·12”ས་ཡོམ་མ་བརྒྱབ་གོང་འདི་གར་ནི་བཟོ་ལས་ཀྱི་གྲོང་རྡལ་གལ་ཆེན་ཞིག་རེད། གྲོང་རྡལ་དུ་དུ་ཁུང་མང་ཞིང་། སྦགས་བཙོག་དང་ཟད་གྲོན་ཆེ་བའི་ཁེ་ལས་60ལྷག་ཙམ་གྱིས་ཉིན་མཚན་ལྟོས་མེད་དུ་དུ་རྡུལ་མང་པོ་གཏོང་བས། ཁོར་ཡུག་ལ་སྦགས་བཙོག་ཤིན་ཏུ་ཆེན་པོ་ཕོག་གི་ཡོད། གེགས་རྗེས་བསྐྱར་བསྐྲུན་བྱས་རྗེས་རྔ་པ་ཀྲོའུ་ཡིས་ཁེ་ལས་ཚང་མ་ཆུ་འཁོར་གནའ་གྲོང་ལས་སྤོས་ཏེ་ཡུལ་སྐོར་ཐོན་ལས་ཀྱིས་སྣེ་ཁྲིད་བྱས་པའི་བོད་རིགས་ཆའང་རིགས་ཁྱད་ལྡན་ཡུལ་སྐོར་གྲགས་ཅན་གྲོང་རྡལ་བཏོད་ཡོད། ད་ཆ་གནའ་གྲོང་གི་མི་སེར་གྱིས་རང་ཁྱིམ་དུ་ཟ་ཁང་དང་མགྲོན་ཁང་གཉེར་ནས་ཡུལ་སྐོར་ཡོང་འབབ་གསོག་པ་མ་ཟད། དྭངས་ཤིང་གཙང་བའི་མཁའ་རླུང་སོས་པའང་རྔུབ་རྒྱུ་བྱུང་ཡོད།
         ཆུ་འཁོར་གནའ་གྲོང་གི་འགྱུར་ལྡོག་ལས་རྔ་པས་ལྗང་མདོག་འཕེལ་རྒྱས་ཆེད་དུ་འབད་འཐབ་བྱས་པ་མཚོན་ཐུབ། “རྔ་པ་ཀྲོའུ་ནི་རྒྱལ་ཁབ་ཀྱི་སྣོད་བཅུད་ནུས་པའི་ཁུལ་གལ་ཆེན་དང་འབྲི་ཆུ་དང་རྨ་ཆུའི་སྟོད་རྒྱུད་ཀྱི་སྣོད་བཅུད་སྲུང་ཡོལ་གལ་ཆེན་ཞིག་ཡིན་པས་ལྗང་མདོག་ནི་རྔ་པའི་རང་མདངས་དང་སྣོད་བཅུད་ནི་རྔ་པའི་ཐོན་ཁུངས་ཆེ་ཤོས་རེད”ཅེས་སི་ཁྲོན་ཞིང་ཆེན་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་རྔ་པ་ཀྲོའུ་ཨུད་ཀྱི་ཧྲུའུ་ཅི་ལིའུ་ཙོ་མིང་གིས་དེ་ལྟར་གསུངས་པ་དང་ཁོང་གིས་སྣོད་བཅུད་སྲུང་སྐྱོང་བྱ་ཆེད། རྔ་པས་ཉེ་བའི་ལོ་ཤས་རིང་བློ་བརྟན་འགྱུར་མེད་ངང“སྣོད་བཅུད་ལ་བརྟེན་ནས་ཀྲོའུ་འཛུགས་པ་དང་ལྗང་མདོག་འཕེལ་རྒྱས”ཀྱི་འཐབ་ཇུས་ལག་ལེན་བསྟར་ནས་དཔལ་འབྱོར་དང་སྣོད་བཅུད་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་བཏང་ཡོད་ཅེས་གསུངས།
         སི་ཁྲོན་ནུབ་བྱང་གི་སྣོད་བཅུད་དཔལ་འབྱོར་དཔེ་སྟོན་ཁུལ་འཛུགས་སྐྱོང་ལ་དམིགས་ཏེ། རྔ་པས་ཉི་ནུས་དང་རླུང་ནུས་སོགས་ནུས་རྒྱུ་གསར་པ་གསར་སྤེལ་མྱུར་པོ་བྱས་ནས་ཆུ་གློག་གཙོ་བོར་བྱས་པའི་ནུས་རྒྱུ་རྐྱང་པའི་མཁོ་སྤྲོད་བྱེད་སྟངས་འགྱུར་ལྡོག་བཏང་སྟེ་ས་གནས་དཔལ་འབྱོར་འཕེལ་རྒྱས་ལ་སྒུལ་ནུས་གསར་པ་བསྣན་ཡོད། ད་བར་རྔ་པ་ཀྲོའུ་ཡིས་འོད་ཤུགས་རྣམ་གྲངས་ཀྱི་གློག་ལམ་མཉམ་སྦྲེལ་བྱས་པར་གློག་གཏོང་ཚད་ཆན་ཝ་ཁྲི་15ལྷག་ཟིན་ཡོད།
         དབུན་ཁྲོན་དང་ལིས་རྫོང་སྦྲེལ་མཚམས་སུ་གནས་པའི་ལི་ཞི་ཤང་ལ་བྱེ་རྡོའི་ཐོན་ཁུངས་དང་སེ་འབྲུ་རྡོའི་གཏེར་ཁའི་ཐོན་ཁུངས་ཧ་ཅང་ཕུན་སུམ་ཚོགས་པོ་ཡོད། ཡུལ་དེའི་ཤང་ཏང་ཨུད་དང་སྲིད་གཞུང་གིས་སྦགས་བཙོག་ཚབས་ཆེན་དང་དེ་བཞིན་ཡུལ་དེའི་སྣོད་བཅུད་ཁོར་ཡུག་ལ་གཏོར་སྐྱོར་ཚབས་ཆེན་བཟོ་མཁན་ཁེ་ལས་དང་ལེན་མ་བྱས་པར། སྣོད་བཅུད་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་ཡོད། “འདི་གར་བྱེ་རྡོ་ར་བའི་འཕྲུལ་འཁོར་གྱི་སྒྲ་ཐོས་རྒྱུ་མེད་ལ་སྦགས་བཙོག་ཆེ་བའི་ལས་སྣོན་བཟོ་གྲྭ་ཡང་མེད་པས། ཡུལ་སྐོར་བ་འདི་གར་ཡོང་འདོད་ཆེན་པོ་བྱེད་ཀྱི་འདུག ”ཅེས་ལུང་ཞ་ཤང་ལན་ཧོ་གྲོང་ཚོའི་ཏ་ལ་པུའུ་ཞིང་ལས་ལྟ་སྐོར་གླིང་གི་སྤྱི་ཁྱབ་ཅིང་ལི་ཐང་ལིན་གྱིས་བཤད།
         ཁྱིམ་གྱི་སྒོ་རྩར་སླར་ཡང་རྒྱ་ལྕང་བཏབ།
         “ལོ་ལྔའི་གོང་། ཐལ་རླུང་ཆེན་པོ་ཞིག་བརྒྱབ་ཚེ་ལམ་སེང་མིག་གཉིས་འགེབས་དགོས་ཀྱི་ཡོད། ད་ཆ་རི་སྟེང་དུ་རྒྱ་ལྕང་སྐྱེས་ནས་ཐལ་རྡུལ་དེ་ཙམ་མི་འདུག”ཅེས་མཛོད་དགེ་རྫོང་བྱམས་མེ་གྲོང་རྡལ་ཧུ་ར་གྲོང་ཚོའི་གྲོང་མི་རྡོ་རྗེ་དོན་གྲུབ་ཀྱིས་བཤད།
         བྱམས་མེ་གྲོང་རྡལ་ནི་མཛོད་དགེ་རྫོང་གི་བྱེ་གྱུར་ཚབས་ཆེ་ཤོས་ཀྱི་ས་ཁུལ་ཞིག་ཡིན་པ་དང་གྲོང་རྡལ་སྲིད་གཞུང་གི་ཉེ་འགྲམ་དུ་རྦད་དེ་བྱེ་ས་རེད། ད་ཆ་བྱེ་གྱུར་ཁུལ་དུ་གྲལ་སྒྲིག་པའི་རྒྱ་ལྕང་བཙུགས་ཡོད་པ་དང་རྩྭ་ཐག་གིས་རེ་རེ་བཞིན་བསྡམས་ཡོད། རྡོ་རྗེ་དོན་གྲུབ་ཀྱིས་བྱེ་བཅོས་རུ་ཁག་ལ་སྐྱེ་ལྡན་ལུད་དང་ཞོ་སྐྱེལ་བར་བྲེལ་བཞིན་མཆིས།
         རྩྭ་ར་སྲུང་སྐྱོང་བྱ་ཆེད། མཛོད་དགེ་རྫོང་ཆོས་རྗེ་ཤང་བྱང་རྩེ་སྟོད་གྲོང་ཚོས་སྣོད་བཅུད་འབྲོག་ལས་མཉམ་ལས་ཁང་བཙུགས་པ་དང་། སྡོམ་གསོས་ཀྱིས་སྲོལ་རྒྱུན་ཕྱུགས་འཚོ་སྟངས་ཀྱི་ཚབ་བྱས་ཏེ་གཟན་རྩྭ་འཕྲོ་བརླག་ཉུང་དུ་དང་རྩྭ་ར་གཏོར་སྐྱོན་ཆུང་དུ་བཏང་བས་དགུན་དུས་སུའང་ནོར་ལུག་ལ་གཟན་རྩྭ་སྟེར་ཐུབ་པས་དཔལ་འབྱོར་གྱི་ཕན་འབྲས་ཆེ་ཤོས་ཐོན་ཡོད། རྔ་པའི་ལུག་ཁྱུ་སྔར་བས་མང་བ་རྩྭ་ར་ནས་ལྷས་རར་བཅུག་པ་ལས་འབྲོག་པའི་འཚོ་བ་སྐྱེལ་སྟངས་ལ་འགྱུར་ལྡོག་མངོན་གསལ་དོད་པོ་བྱུང་ཡོད།
         ཧུང་ཡོན་རྫོང་སྦྲ་ཆེན་ཤང་གི་འབྲོག་པ་ཚེ་རྡོར་གྱིས་འབྲི་གཡག་མགོ་གྲངས་300ལྷག་ཙམ་ཡོད་པ་བཙོངས་ནས་རང་ཁྱིམ་གྱི་རྩྭ་རར་འབྲོག་པའི་སྤྲོ་སྐྱིད་ཁང་ཞིག་བཙུགས། “ཕྱུགས་རིགས་མེད་རུང་རྩྭ་ཐང་གཙང་དུ་ཕྱིན་ནས་ཡུལ་སྐོར་བའི་ཡིད་དབང་བཀུག་སོང” ལོ་གཉིས་རིང་ཚེ་རྡོར་ཁྱིམ་གྱི་འབྲོག་པའི་སྤྲོ་སྐྱིད་ཁང་ལ་ལོ་རེར་ཡོང་འབབ་སྒོར་ཁྲི་10ལྷག་ཙམ་བྱུང་ཡོད།
          ན་ནིང་ཟླ་3པའི་ཟླ་མཇུག་ཏུ་ཧུང་ཡོན་རྫོང་གི་ལྗང་མདོག་བཟོ་ལས་གླིང་དུ་སི་ཁྲོན་བོད་རིགས་ས་ཁུལ་གྱི་ཕྱུགས་རིགས་ཤི་བ་ལ་སྤྱི་གནོད་མེད་པའི་ཐག་གཅོད་རྣམ་གྲངས་ཐོག་མ་དངོས་སུ་སྤྱད་ཡོད། དེ་སྔ་ཧུང་ཡོན་དུ་ན་ནས་ཤི་བའི་ཕྱུགས་རིགས་རྣམས་ས་སྦས་གཏོང་བའམ་ཡང་ན་མེར་སྲེག་གི་ཡོད་པས་ས་འོག་གི་ཆུ་ཁུངས་ལ་སྦགས་བཙོག་བཟོ་བ་མ་ཟད། མཁའ་རླུང་ཡང་བཙོག་པར་འགྱུར་གྱི་ཡོད། བརྟག་ཞིབ་ཐེངས་མང་བྱས་པ་བརྒྱུད་ཧུང་ཡོན་གྱིས་ཤིན་ཅང་དབྱི་ལིན་ལྗང་གྲོང་ཁོར་ཡུག་སྲུང་སྐྱོང་ཀུང་སི་ནང་འདྲེན་བྱས་པ་དང་ཤི་བའི་ཕྱུགས་རིགས་སྤྱི་གནོད་མེད་པའི་ཐག་གཅོད་རྣམ་གྲངས་འཛུགས་རྒྱུར་མ་འཇོག་བྱས་ཡོད།
         སྣོད་བཅུད་དབུལ་སྐྱོར་ལས་ཡོང་འབབ་མང་དུ་ཕྱིན་པ།
         2015ལོའི་ཟླ་10པར་སི་ཁྲོན་ཞིང་ཆེན་ནགས་ལས་ཚན་ཞིབ་ཁང་གིས་ཏ་སི་གྲོང་ཚོའི་ཐོན་ལས་རོགས་སྐྱོར་རིགས་གཅིག་མཁས་ཅན་གྱི་ཚོགས་ཆུང་བཙུགས་པ་དང་ཆེད་ལས་ལག་རྩལ་པ་མངགས་ཏེ་ས་དཔྱད་ལུད་སྦྱོར་བྱས་ནས་ལི་ཙི་སྙི་པོར་ལུད་རྒྱག་སྟངས་དང་། ཡལ་བཞུར་རྒྱག་སྟངས། ནད་འབུའི་གནོད་པ་འགོག་བཅོས་བྱ་ཐབས་སོགས་ཀྱི་ལག་རྩལ་དམར་ཁྲིད་བྱས་པ་རེད། གྲོང་མི་དབྱང་ཅུན་གྱིས་དེ་སྔའི་ས་ཞིང་མུའུ་4.5ལ་ལི་ཙི་སྙི་པོ་བཏབ་པས་2017ལོར་ལི་ཤིང་ལ་འབྲས་བུ་བཏགས་ནས་མ་གནས་ཕུད་ཡོང་འབབ་སྒོར་ཁྲི་3བྱུང་སྟེ་དུད་ཚང་དབུལ་པོའི་ཞྭ་མོ་ཕུད་ཐུབ་པ་བྱུང་ཡོད།
         རྔ་པ་ཀྲོའུ་དབུལ་སྐྱོར་གནས་སྤོས་ཡུལ་མི་ཅུས་ཀྱི་འབྲེལ་ཡོད་འགན་ཁུར་བས་རྔ་པས་ལོ་ལྟར་དངུལ་སྒོར་དུང་ཕྱུར་3བསྡུ་སྒྲིལ་བྱས་ནས་སྣོད་བཅུད་དབུལ་སྐྱོར་ལ་སྐུལ་འདེད་བཏང་བ་དང་། ནགས་བཟོ་སྔོ་འགྱུར་དང་། བྱེ་འགྱུར་བཅོས་སྐྱོང་། ཤིང་ནགས་དོ་དམ་སྲུང་སྐྱོང་། རྩྭ་ཐང་དང་འདམ་ར་སྲུང་སྐྱོང་སོགས་སྣོད་བཅུད་ཀྱི་སྤྱི་ཕན་རང་བཞིན་གྱི་ལས་གནས་ཁྲི་2.6བཏོད་དེ་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོའི་མི་1སྣོད་བཅུད་སྤྱི་ཕན་གྱི་ལས་གནས་སུ་ལས་ཞུགས་ཐུབ་པ་བྱས་ཡོད་ཅེས་ངོ་སྤྲོད་བྱས།
         མཛོད་དགེ་རྫོང་དུ་མི་ཚེ་ཕྱེད་ཙམ་འབྲོག་པ་བྱས་པའི་ནོར་ཁོ་ན་ནིང་ཟླ་9པར་མཛོད་དགེའི་ཧྭ་ཧུའུ་མཚེའུ་འདམ་རའི་སྲུང་སྐྱོང་བ་ཞིག་ཏུ་གྱུར་ནས་ཟླ་རེར་རོགས་དངུལ་སྒོར་830རག་གི་ཡོད། མིག་སྔར་རྫོང་ཡོངས་སུ་ནགས་ཚལ་སྲུང་སྐྱོང་བ་264དང་། འདམ་ར་དོ་དམ་སྲུང་སྐྱོང་བ་24 བྱེ་འགོག་བྱེ་བཅོས་འདུ་འགོད་ཀྱི་དུས་མཇུག་དོ་དམ་ལྟ་སྐུལ་བ་12བཅས་དུད་ཚང་དབུལ་པོའི་དོ་དམ་སྲུང་སྐྱོང་བ་300ཡོད་པར་མི་རེར་ལོ་རེར་ཡོང་འབབ་སྒོར་9960ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།