འཚོལ་བཤེར།   
藏文频道
2018ལོའི་ཟླ་2ཚེས་1ཉིན།
  • མི་དམངས་དྲ་བ།

    ༄༅།།ཕོ་ལན་དུ་ཀྲུང་གོའི་ཞབས་བྲོ་འཁྲབ་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 02ཚེས་01ཉིན། 13:58】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
    ༄༅།།ཕོ་ལན་དུ་ཀྲུང་གོའི་ཞབས་བྲོ་འཁྲབ་པ།
         མི་དམངས་དྲ་བའི་འཕྲིན། པེ་ཅིང་ཟློས་གར་སློབ་གླིང་གི་གཞོན་ནུའི་ཞབས་བྲོ་ཚོགས་པའི“སྤྲོ་སྣང་ལྡན་པའི་དཔྱིད་གསར་དུས་ཆེན”གྱི་སྐོར་སྐྱོད་འཁྲབ་སྟོན་ཚོགས་པས་ཚེས་29ཉིན་གྱི་དགོང་མོར་ཕོ་ལན་གྱི་ཝར་སོ་རྒྱལ་ཁབ་ཟློས་གར་ཁང་དུ་འཁྲབ་སྟོན་བྱས་པ་རེད། ཕོ་ལན་ནི་པེ་ཅིང་ཟློས་གར་སློབ་གླིང་གི་གཞོན་ནུའི་ཞབས་བྲོ་ཚོགས་པའི“སྤྲོ་སྣང་ལྡན་པའི་དཔྱིད་གསར་དུས་ཆེན”གྱི་ཡོ་རོབ་དབུས་ཤར་གྱི་སྐོར་སྐྱོད་འཁྲབ་སྟོན་ཚོགས་པས་འཁྲབ་སྟོན་བྱེད་པའི་ས་ཚིགས་གསུམ་པ་དེ་ཡིན། དེའི་སྔོན་ལ་བྷོ་ཧེར་དང་ཁ་རེ་ཤེ་ཡ་བཅས་ལ་འཁྲབ་སྟོན་བྱས་པ་མ་ཟད། ད་དུང་ཨེ་སོ་ནི་ཡ་དང་ཨར་པ་ནི་ཡར་བསྐྱོད་དེ་འཁྲབ་སྟོན་བྱ་རྒྱུ་ཡིན་ཞིང་། གོང་གི་པར་རིས་ནི་ཕོ་ལན་གྱི་རྒྱལ་སའི་ཝར་སོ་རྒྱལ་ཁབ་ཟློས་གར་ཁང་དུ་པེ་ཅིང་ཟློས་གར་སློབ་གླིང་གི་གཞོན་ནུ་ཞབས་བྲོ་ཚོགས་པའི་འཁྲབ་སྟོན་པས་《སྤྱན་རས་གཟིགས་ཕྱག་སྟོང་སྤྱན་སྟོང་》འཁྲབ་བཞིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།