འཚོལ་བཤེར།   
藏文频道
2018ལོའི་ཟླ་1ཚེས་26ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་སྒྲོལ་དཀར་གྱིས་གྲོང་ཁྱེར་ཅན་དུ་
    འགྱུར་བའི་འཕེལ་རིམ་ཁྲོད་ཀྱི་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་ཤུགས་ཆེན་བྱེད་
    དགོས་ཞེས་བཤད་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 01ཚེས་26ཉིན། 16:02】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། གྲོང་ཁྱེར་ཅན་དུ་འགྱུར་བའི་འཕེལ་རིམ་ཁྲོད་ཐོན་པའི་འགྲིམ་འགྲུལ་འཚང་ཁ་ཆེ་ཞིང་འགག་པ་དང་། རླངས་འཁོར་འཇོག་ས་ཉུང་བ། གྲོང་མིའི་སྡེ་ཁུལ་འཛུགས་སྐྲུན་དོ་དམ་སོགས་ཀྱི་གནད་དོན་ནི་ལོ་ལྟར་ཚོགས་འདུ་གཉིས་ཀྱི་འཐུས་མི་དང་ཨུ་ཡོན་རྣམས་ཀྱིས་དོ་ཁུར་བྱེད་པའི་གླེང་བྱ་མང་ཤོས་ཀྱི་གནད་དོན་ཡིན།
         ཉེ་བའི་ལོ་ཤས་རིང་ལྷ་ས་གྲོང་ཁྱེར་འཕེལ་རྒྱས་མགྱོགས་མྱུར་ཕྱིན་པ་དང་ཆབས་ཅིག་འཕྲུལ་སྒུལ་འཁོར་རིགས་ཀྱི་གྲངས་འབོར་རྒྱུན་མཐུད་ངང་མགྱོགས་པོ་འཕར་བ་དང་། ལྷག་པར་དུ་སྒེར་གྱི་རླངས་འཁོར་ཉིན་རེ་ལས་ཉིན་རེར་ཇེ་མང་དུ་སོང་བས། འགྲིམ་འགྲུལ་འཚང་ཁ་ཆེ་ཞིང་འགག་པ་དང་རླངས་འཁོར་འཇོག་ས་ཉུང་བའི་གནད་དོན་ཉིན་རེ་བཞིན་ཚབས་ཆེན་དུ་གྱུར་ཡོད། དེ་ལ་དམིགས་ནས་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཁྲིམས་ལུགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཨུ་ཡོན་གཞོན་པ་སྒྲོལ་དཀར་གྱིས་ཚོགས་ཆུང་བགོས་ནས་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ལ་གྲོས་ཞིབ་བྱེད་སྐབས“འགྲིམ་འགྲུལ་འཚང་ཁ་ཆེ་ཞིང་འགག་པ་དང་རླངས་འཁོར་འཇོག་ས་ཉུང་བའི་གནད་དོན་ཐག་གཅོད་ཤུགས་ཆེན་བྱས་ནས་འགྲིམ་འགྲུལ་དོ་དམ་ལམ་སྲོལ་སྔར་བས་མཐུན་སྦྱོར་ཡོང་བ་དང་། གྲོང་ཁྱེར་འགྲིམ་འགྲུལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན། དམིགས་སུ་བཀར་ནས་སྤྱི་པའི་འགྲིམ་འགྲུལ་འཕེལ་རྒྱས། འབྲེལ་ཡོད་སྲིད་ཇུས་གཏན་འབེབས་བྱས་ནས་གྲོང་མི་རྣམས་ཕྱིར་སྐྱོད་སྐབས་མཉམ་སྤྱོད་རྐང་འཁོར་སོགས་ཐཱན་ཉུང་ཁོར་ཡུག་སྲུང་སྐྱོང་གི་འགྲིམ་འགྲུལ་ཡོ་བྱད་ཆུང་གྲས་སྤྱོད་པར་བསྔགས་སྐུལ་གཏོང་བ་བཅས་བྱེད་དགོས”ཞེས་བརྗོད་པ་རེད།
         གཞན་ཡང་། གྲོང་ཁྱེར་ཅན་དུ་འགྱུར་བའི་འཕེལ་རིམ་མགྱོགས་སུ་ཕྱིན་པ་དང་ཆབས་ཅིག་ལྷ་ས་ནི་བོད་ལྗོངས་ཀྱི་ལྟེ་བའི་གྲོང་ཁྱེར་ཡིན་པས་མི་འབོར་ཉིན་རེ་ལས་ཉིན་རེར་མང་དུ་འགྲོ་བཞིན་ཡོད་པ་དང་། སྡེ་ཁུལ་དང་སྡེ་ལས་ཀུང་སི་ཀྱང་ཉིན་རེ་ལས་ཉིན་རེར་མང་དུ་འགྲོ་བཞིན་ཡོད། ཡིན་ནའང་སྡེ་ལས་ཀུང་སི་དང་སྡེ་ཁུལ་གྱི་ཁང་བདག་བར་གྱི་འགལ་བ་ཡང་ཡང་ཐོན་བཞིན་ཡོད་པས། དེ་དག་གྲོང་ཁྱེར་ཅན་དུ་འཕེལ་རྒྱས་ཀྱི་སྤུས་ཚད་དང་། གྲོང་ཁྱེར་གྱི་དཔལ་ཡོན་དར་ཚད། སྤྱི་ཚོགས་བརྟན་ལྷིང་ཡོང་ཚད་བཅས་ལ་གནོད་པའི་གལ་ཆེའི་རྒྱུ་རྐྱེན་དུ་གྱུར་ཡོད་པ་རེད། དེ་ལ་དམིགས་ནས་སྒྲོལ་དཀར་གྱིས་ད་དུང་སྡེ་ལས་དོ་དམ་སྔར་བས་ཚད་ལྡན་དུ་གཏོང་བ་དང་། སྲིད་གཞུང་གིས་སྡེ་ལས་ལས་རིགས་ལ་ལྟ་སྐུལ་དོ་དམ་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ། སྡེ་ལས་དོ་དམ་མངོན་གསལ་དུ་འགྱུར་བར་སྐུལ་འདེད་གཏོང་བ། སྡེ་ལས་ཀྱི་ཁྲོམ་རའི་གོ་གནས་ཁ་གསལ་ཡོང་བ། སྡེ་ལས་རང་ངོས་ལེགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ། མི་གཤིས་ཅན་གྱི་ཞབས་ཞུའི་དོ་དམ་ཆུ་ཚད་མཐོ་རུ་གཏོང་བ་བཅས་ཀྱི་གྲོས་འགོའང་བཏོན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།