འཚོལ་བཤེར།   
藏文频道
2018ལོའི་ཟླ་1ཚེས་17ཉིན།
  • མི་དམངས་དྲ་བ།

    ༄༅།།དགུང་ལོ་88ལ་ཕེབས་པའི་བགྲེས་མོ་ཞིག་གིས་ཐིང་རིལ་ལོ་30རིང་གསོ་བ་རྒྱུན་འཁྱོངས་
    བྱས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 01ཚེས་17ཉིན། 14:38】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།དགུང་ལོ་88ལ་ཕེབས་པའི་བགྲེས་མོ་ཞིག་གིས་ཐིང་རིལ་ལོ་30རིང་གསོ་བ་རྒྱུན་འཁྱོངས་
བྱས་པ།
         མི་དམངས་དྲ་བའི་འཕྲིན། ཡུན་ནན་ཞིང་ཆེན་ཁུན་མིང་གྲོང་ཁྱེར་དུ་མིང་ལ་ཚུའེ་ཧྥེང་ཞན་ཟེར་བའི་བགྲེས་མོ་ཞིག་ཡོད་པ་དེས་ལོ་30རིང་རང་ཉིད་ཀྱིས་བྱ་ཟས་བཟོས་ནས་ཐིང་རིལ་གསོ་བ་རྒྱུན་འཁྱོངས་བྱེད་ཀྱི་ཡོད་པས། གྲོང་མི་ཚོའི་མཛའ་བརྩེ་ལྡན་པའི་ངང་ཁོང་ལ"ཐིང་རིལ་གྱི་ཨ་ཕྱི"ཞེས་འབོད་ཀྱི་ཡོད་པ་རེད། "ཐིང་རིལ་གྱི་ཨ་ཕྱི"ནི་ད་ལོ་དགུང་ལོ་88ལ་ཕེབས་པ་དང་། ཁོང་ནི་ཉིན་ལྟར་ཐོ་རེངས་ཆུ་ཚོད་5ལ་མལ་ལས་ལངས་ཏེ་ཐིང་རིལ་ལ་ཞོགས་ཟས་བཟོ་བ་སྟེ། གྲོ་ཞིབ་སྤྱི་རྒྱ་གང་དང་མ་རྨོས་ལོ་ཏོག་སྤྱི་རྒྱ་གང་མཉམ་དུ་བསྲེས་ནས་མོག་མོག་ཆུང་བ་16བཟོས་རྗེས་འཕྲལ་མར་སྤྱི་སྤྱོད་རླངས་འཁོར་དུ་བསྡད་ནས་ཁུན་མིང་ཏཱ་ཀོན་སྤྱི་གླིང་དུ་ཐིང་རིལ་ལ་ཟས་སྟེར་བར་འགྲོ་བཞིན་ཡོད་པ་རེད། ཐིང་རིལ་རྣམས་ཨ་ཕྱི་ཚུའེ་ལགས་མཐོང་མ་ཐག་ལམ་སེང་ཨ་ཕྱིའི་ཉེ་འཁོར་དུ་འཕུར་ཡོང་ནས་ཟས་འཐུ་བ་དང་། ཐིང་རིལ་ལ་ལ་བགྲེས་མོའི་མགོ་དང་ལུས་ཐོག་ཏུ་འཛེགས་ནས་ངལ་གསོ་བ་སོགས་མི་དང་ཐིང་རིལ་བར་གྱི་འཆམ་མཐུན་ཆེ་བའི་སྣང་ཚུལ་འདི་ལ་ལོ་མང་རིང་མི་རྣམས་ཀྱིས་བསྟོད་ར་གཏོང་བ་དང་ཡིད་སྨོན་བྱེད་ཀྱི་ཡོད་པ་རེད།
    ༄༅།།དགུང་ལོ་88ལ་ཕེབས་པའི་བགྲེས་མོ་ཞིག་གིས་ཐིང་རིལ་ལོ་30རིང་གསོ་བ་རྒྱུན་འཁྱོངས་
བྱས་པ།
    ༄༅།།དགུང་ལོ་88ལ་ཕེབས་པའི་བགྲེས་མོ་ཞིག་གིས་ཐིང་རིལ་ལོ་30རིང་གསོ་བ་རྒྱུན་འཁྱོངས་
བྱས་པ།
    ༄༅།།དགུང་ལོ་88ལ་ཕེབས་པའི་བགྲེས་མོ་ཞིག་གིས་ཐིང་རིལ་ལོ་30རིང་གསོ་བ་རྒྱུན་འཁྱོངས་
བྱས་པ།
      

    ཕྱོགས་བསྡུས་གསར་འགྱུར།