འཚོལ་བཤེར།   
藏文频道
2018ལོའི་ཟླ་1ཚེས་17ཉིན།
  • མི་དམངས་དྲ་བ།

    ༄༅།།ཧུའུ་ནན་ཞིང་ཆེན་གྱིས་བཟའ་བཅའི་བདེ་འཇགས་སྲུང་སྐྱོང་གི་བྱ་སྤྱོད་ཤུགས་ཆེན་སྤེལ་བ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 01ཚེས་17ཉིན། 10:32】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར། གསར་འགོད་པར་ཧུའུ་ནན་ཞིང་ཆེན་བཟའ་བཅའི་བདེ་འཇགས་གཞུང་ལས་ཁང་ནས་ཤེས་རྟོགས་བྱུང་བར། ན་ནིང་ཧུའུ་ནན་ཞིང་ཆེན་གྱིས“བཟའ་བཅའི་བདེ་འཇགས་ཀྱི་སྲུང་སྐྱོང་བྱ་སྤྱོད”ཤུགས་ཆེན་སྤེལ་བ་རེད། བྱ་སྤྱོད་སྤེལ་ཚུན་སློབ་གྲྭ་དང་ཉེ་འགྲམ་གྱི་བཟའ་བཅའི་བདེ་འཇགས་ཀྱི་ཁྲིམས་འགལ་གྱོད་གཞི་1627ཞིབ་བཤེར་ཐག་གཅོད་བྱས་པ་དང་། དངུལ་ཆད་སྒོར་ཁྲི་860.71བཏང་བ། གནད་དོན་ཡོད་པའི་བཟའ་བཅའ་ཏུན་17.87གཞུང་བཞེས་བཏང་བ། བཟའ་བཅའི་སྡེར་ཁྲོམ་3858བཀག་སྡོམ་བྱས་པ། ཉེས་གསོག་དོགས་ཅན་20ལྷག་ཙམ་འཛིན་བཟུང་བཅས་བྱས་པས་སློབ་གྲྭ་དང་དེ་བཞིན་ཉེ་འགྲམ་གྱི་བཟའ་བཅའི་བདེ་འཇགས་ཀྱི་སྤྱིའི་འགན་ལེན་ཆུ་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་པ་རེད།
         "བཟའ་བཅའི་བདེ་འཇགས་སྲུང་སྐྱོང་གི་བྱ་སྤྱོད"ཀྱིས་སློབ་གྲྭའི་ཟ་ཁང་དང་། སློབ་ར། ཉེ་འགྲམ་གྱི་བཟའ་བཅའ་ཐོན་སྐྱེད་ལས་སྣོན་བཟོ་ཁང་ཆུང་ངུ་། བཟའ་བཅའི་སྡེར་ཁྲོམ། བཟའ་བཅའ་ཕྱིར་ཚོང་ཚོང་ཁང་། སློབ་གྲྭ་འབྲིང་ཆུང་ལ་བཟའ་བཅའ་མཁོ་འདོན་བྱེད་པའི་གཅིག་སྡུད་བཟའ་བཅའ་སྡེབ་སྐྱེལ་ཚན་པ་དང་སློབ་གྲྭའི་འཐུང་ཆུ་བཅས་བཅོས་སྒྲིག་ཁྱབ་ཁོངས་ནང་བཅུག་ཡོད། སྟོན་ཁ་དང་དཔྱིད་ཀའི་དུས་ཚིགས་ཀྱི་སློབ་འགོ་ཚུགས་པ་དང་། “མཐོ་རྒྱུགས་དང་། འབྲིང་རྒྱུགས། ལྷན་འཛོམས་རྒྱུགས་ལེན”སོགས་ཀྱི་ཛ་དྲག་ཆེ་བའི་དུས་མཚམས་ལ་དམིགས་ཏེ་གཅིག་སྡུད་ངང་སློབ་གྲྭའི་བཟའ་བཅའི་བདེ་འཇགས་ཞིབ་བཤེར་ཆེན་པོ་དང་། གྲལ་བཤེར་ཆེན་པོ། བཅོས་སྒྲིག་ཆེན་པོ་བཅས་བྱས་པ་རེད།
         ཆེད་དོན་བྱ་སྤྱོད་སྤེལ་ཚུན། ཞིང་ཆེན་ཡོངས་ཀྱིས་སློབ་གྲྭ་དང་ཉེ་འགྲམ་གྱི་བཟའ་བཅའི་མ་དཔེ་ཁག་ཐེངས་ཁྲི་1.21འཐེན་བཤེར་བྱས་པའི་ཁྲོད་ཁག་ཐེངས་677ཚད་མ་ལོན་པ་དང་གནད་དོན་ཐོན་ཚད་5.6%ཟིན་ནས་བཟའ་བཅའི་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ཁག་གཅིག་གྲལ་བཤེར་བྱས་ཏེ་མེད་པར་བཟོས་པ་རེད། དེ་དང་ཆབས་ཅིག རྡུང་རྡེག་ནན་པོ་གཏོང་བའི་རྣམ་པ་རྒྱུན་འཁྱོངས་བྱས་ཏེ་ཁྲང་ཏེ་གྲོང་ཁྱེར་ཐའོ་ཡོན་སློབ་འབྲིང་གསུམ་པས་བཟའ་བཅའི་སྦྱོར་རྟ་ཚད་བརྒལ་ངང་སྤྱད་པའི་གྱོད་གཞི་དང་། ཁྲང་ཧྲ་གཡོད་ལུའུ་ཆུས་ཝན་དབྱིང་རུན་ཙེ་ཧྥུའུ་བུ་བཅོལ་ཁང་གིས་སྤུས་ཚད་འགན་ལེན་གྱི་དུས་ཚོད་ཡོལ་བའི་བཟའ་བཅའི་མ་བཅོས་རྒྱུ་ཆ་སྤྱད་པའི་གྱོད་གཞི། ཧྲའོ་དབྱང་སློབ་གླིང་གིས་བཟའ་བཅའི་སྦྱོར་རྟ་ཚད་བརྒལ་ངང་སྤྱད་པའི་གྱོད་གཞི་སོགས་ཤུགས་རྐྱེན་ཐེབས་ཤུགས་ཆེ་བའི་གྱོད་གཞི་ཁག་གཅིག་ཞིབ་བཤེར་ཐག་གཅོད་བྱས་པས་སློབ་གྲྭའི་བཟའ་བཅའི་བདེ་འཇགས་ལ་དོ་དམ་ནན་པོ་དང་ཆད་པ་ནན་པོ་གཅོད་པའི་རྒྱུན་རྣམ་ཞིག་ཆགས་པ་རེད།
         2017ལོར་ཧུའུ་ནན་ཞིང་ཆེན་གྱིས་སློབ་གྲྭའི་བཟའ་བཅའི་བདེ་འཇགས་ཀྱི་དཔེ་སྟོན་གསར་གཏོད་བྱེད་སྒོ་རྒྱུན་མཐུད་ངང་སྤེལ་ཏེ་སློབ་གྲྭའི་ཟ་ཁང་གི“ཀུན་གསལ་ཐབ་ཚང”ཕྱོགས་ཡོངས་ནས་ཁྱབ་གདལ་བཏང་བར་ཞིང་ཆེན་ཡོངས་ཀྱི་སློབ་གྲྭ་ཁྲི་1.19ཡི་ཟ་ཁང“ཀུན་གསལ་ཐབ་ཚང”ལ་གྱུར་ཚད་དུས་མཚུངས་ལས་20.7%འཕར་ཡོད། ཁྲང་ཧྲ་དང་ཁྲང་ཏེ་ཡིས་ཁྱབ་གདལ་བཏང་བའི“དྲ་སྦྲེལ་+ཀུན་གསལ་ཐབ་ཚང”ལས་སློབ་གྲྭའི་ཟ་ཁང་ལ་རྒྱང་རིང་དང་བརྒྱུད་རིམ་ཧྲིལ་པོ་དྲ་ཐོག་ནས་ལྟ་སྐུལ་དོ་དམ་ཐུབ་ཡོད། འགན་བཅོལ་ནང་ཞུགས་རྒྱུར་ལྕག་སྐུལ་བྱས་ཏེ་བཟའ་བཅའི་བདེ་འཇགས་ཀྱི་ཉེན་ཁ་སྔོན་འགོག་དང་སེལ་བ་རེད། 2017ལོར་ཞིང་ཆེན་ཡོངས་ཀྱི་སློབ་གྲྭའི་ཟ་ཁང་3515ཡིས་འགན་བཅོལ་ནང་ཞུགས་པ་དེ་དུས་མཚུངས་ལས་10.9%འཕར་བ་དང་བཟའ་བཅའི་འགན་འཁྲིའི་འགན་བཅོལ་སློབ་མ་ཁྲི་428ལ་ཁྱབ་ཡོད། ཞིང་ཆེན་ཡོངས་ཀྱི་རྫོང་55ལ་སྲིད་གཞུང་གིས་གཅིག་གྱུར་ཐོག་འགན་ལེན་བྱས་པ་དང་འགན་ལེན་ཁྱབ་ཚད་44.4%ཟིན་ཡོད་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།