འཚོལ་བཤེར།   
藏文频道
2018ལོའི་ཟླ་1ཚེས་17ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་དབྱང་ཁེ་ལས་ལ་ཁེ་བཟང་སྒོར་དུང་ཕྱུར་ཁྲི་1.4བྱུང་ནས་ལོ་རྒྱུས་ཀྱི་ཚད་གཞི་མཐོ་ཤོས་
    སུ་སླེབས་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 01ཚེས་17ཉིན། 10:45】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། ཟླ་1ཚེས་15ཉིན། གསར་འགོད་པར་པེ་ཅིང་དུ་འཚོགས་པའི་ཀྲུང་དབྱང་ཁེ་ལས་དང་ས་གནས་གཞུང་ཁོངས་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ལྷན་གྱི་འགན་ཁུར་བའི་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་གསལ། 2017ལོར་གཞུང་ཁོངས་རྒྱུ་ནོར་ལྟ་སྐུལ་དོ་དམ་ཁོངས་གཏོགས་ཁེ་ལས་ལ་རིམ་རྩིས་བརྒྱབ་ན་ལས་གཉེར་ཡོང་འབབ་སྒོར་དུང་ཕྱུར་ཁྲི་50.0བྱུང་ནས་དུས་མཚུངས་ལས་14.7%འཕར་བ་དང་། ཁེ་བཟང་བསྡོམས་འབོར་སྒོར་དུང་ཕྱུར་ཁྲི་2.9ཟིན་ཏེ་དུས་མཚུངས་ལས་23.5%འཕར་བའི་ཁྲོད། ཀྲུང་དབྱང་ཁེ་ལས་ལ་རིམ་རྩིས་བརྒྱབ་ན་ལས་གཉེར་ཡོང་འབབ་སྒོར་དུང་ཕྱུར་ཁྲི་26.4བྱུང་ནས་དུས་མཚུངས་ལས་13.3%འཕར་བ་དང་ཁེ་བཟང་བསྡོམས་འབོར་སྒོར་དུང་ཕྱུར་1.4ཟིན་ཏེ་དུས་མཚུངས་ལས་15.2%འཕར་བ་དང་ཡོང་འབབ་དང་ཁེ་བཟང་རྒྱུན་མཐུད་མགྱོགས་མྱུར་ངང་འཕར་ནས་ལོ་རྒྱུས་ཀྱི་ཚད་གཞི་མཐོ་ཤོས་སུ་སླེབས་ཡོད། 2017ལོའི་ལོ་མཇུག་བར་ཀྲུང་དབྱང་ཁེ་ལས་ཀྱི་རྒྱུ་ནོར་བསྡོམས་འབོར་སྒོར་དུང་ཕྱུར་ཁྲི་54.5ཟིན་ཡོད་པ་རེད།
         ངོ་སྤྲོད་བྱས་པར་གཞིགས་ན། མིག་སྔར་ཀྲུང་དབྱང་ཁེ་ལས་ཚོགས་པ་ཀུང་སིའི་ལམ་ལུགས་ལ་སྒྱུར་བཅོས་བྱ་རྒྱུ་གཞི་རྩའི་ཆ་ནས་ལེགས་གྲུབ་ཟིན་པ་དང་། རིམ་ཁག་ཡན་ལག་ཁེ་ལས་སྒྱུར་བཅོས་བྱེད་ཚད་97.8%ཟིན་པ་མ་ཟད། ཀྲུང་དབྱང་གི་ཁེ་ལས་མང་ཆེ་བར་ཚད་ལྡན་གྱི་ཏུང་ཧྲི་ལྷན་ཚོགས་ཀྱང་བཙུགས་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།