འཚོལ་བཤེར།   
藏文频道
2018ལོའི་ཟླ་1ཚེས་17ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་ཞིང་ཆེན་གྱི་ཞིང་འབྲོག་པ་ཏང་ཡོན་གྱི་དགུན་དཔྱིད་ཀྱི་གསོ་སྦྱོང་ལས་དོན་ཁྱོན་
    ཡོངས་ནས་སྤེལ་འགོ་ཚུགས་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 01ཚེས་17ཉིན། 11:04】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། ཏང་གི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱ་རྒྱུའི་སྐོར་གྱི་མཚོ་སྔོན་ཞིང་ཨུད་ཀྱི་སྤྱིའི་བཀོད་སྒྲིག་ལྟར། ཉིན་ཤས་གོང་མཚོ་སྔོན་ཞིང་ཨུད་རྩ་འཛུགས་པུའུ་ཡིས་ཞིང་ཆེན་ཡོངས་ཀྱི་ཞིང་འབྲོག་པ་ཏང་ཡོན་གྱི་དགུན་དཔྱིད་གཉིས་ཀྱི་གསོ་སྦྱོང་ལས་དོན་སྤེལ་འགོ་ཚུགས་པ་དང་2018ལོའི་ཟླ་3པའི་ཟླ་སྟོད་དུ་གསོ་སྦྱོང་མཇུག་འགྲིལ་རྒྱུ་ཡིན་པ་དང་། ཞིང་འབྲོག་པ་ཏང་ཡོན་མི་རེ་ངོ་རེར་གཅིག་སྡུད་གསོ་སྦྱོང་གི་དུས་ཡུན་ཉིན་གཅིག་ནས་གསུམ་བར་བརྩོན་ལེན་བྱ་རྒྱུ་རེད།
         མཚོ་སྔོན་ཞིང་ཨུད་རྩ་འཛུགས་པུའུ་ཡིས་གྲོང་ཨུད་དང་ཀྲོའུ་ཨུད་རྩ་འཛུགས་པུའུ་ཁག་གིས་དགུན་དཔྱིད་གཉིས་ཀྱི་གསོ་སྦྱོང་ལས་དོན་ལ་ཆེད་དོན་ཞིབ་འཇུག་བྱ་རྒྱུ་དེ་སྐབས་བརྗེའི་རྗེས་ཀྱི་གྲོང་ཚོའི“ཨུ་ལྷན་གཉིས”གྱི་ཁོངས་མིར་གསོ་སྦྱོང་དང་མཉམ་དུ་བཀོད་སྒྲིག་བྱས་ཏེ། རྩ་འཛུགས་ཀྱི་འགོ་ཁྲིད་དང་མཛུབ་ཁྲིད་ལ་ཤུགས་སྣོན་ཏན་ཏིག་རྒྱག་དགོས་པ་དང་། རྫོང་དང་། གྲོང་ཁྱེར། ཆུས་བཅས་ཀྱི་ཨུ་ལྷན་གྱི་རྩ་འཛུགས་པུའུ་ཡིས་སྤྱི་འདོམས་བཀོད་སྒྲིག་དང་། བཀོད་སྒྲིག་ཞིབ་ཚགས། ཤང་གྲོང་གི་གསོ་སྦྱོང་ཇུས་གཞིར་ཞིབ་དཔྱད་ནན་པོ་བཅས་བྱས་ནས་ཞིབ་ཕྲའི་མཛུབ་ཁྲིད་ལ་ཤུགས་སྣོན་རྒྱག་དགོས་པ། ཤང་གྲོང་གིས་བརྟག་ཞིབ་གཏིང་ཟབ་བྱས་ཏེ་ཏང་ཡོན་གསོ་སྦྱོང་གི་དགོས་མཁོ་ཁོང་དུ་ཆུད་པར་བྱེད་པ་དང་དོན་དངོས་གཞིར་བཟུང་གསོ་སྦྱོང་ཇུས་གཞི་བཟོས་ནས་ལས་འགན་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་དགོས་པ། དགུན་དཔྱིད་གཉིས་ཀྱི་གསོ་སྦྱོང་ལས་དོན་སྤེལ་རིང་ཤང་གྲོང་ཚན་པར་བྱེད་པ་དང“རྫོང་རེར་རྟེན་གཞི་རེ་དང་རྫོང་རེར་ཁྱད་ཆོས་རེའི”ཏང་ཡོན་གསོ་སྦྱོང་རྟེན་གཞི་སྤྱད་ནས་གཅིག་སྡུད་ཐོག་གསོ་སྦྱོང་བྱེད་དགོས་པ། ས་ཁུལ་ཁག་གིས་གསོ་སྦྱོང་ཐོན་ཁུངས་བསྡུ་སྒྲིལ་བྱེད་པ་དང་། སྒྲོག་འགྲེལ་ཚོགས་པ་དང་རིམ་ཁག་ཏང་གི་སློབ་གྲྭ་སོགས་ཀྱི་སྟོབས་ཤུགས་སྤྱད་ནས་སྤུས་ལེགས་སློབ་ཚན་བཀོད་སྒྲིག་དང་ཤང་དུ་གཤམ་སྐྱོད་དང་གཅིག་སྡུད་ཐོག་སློབ་ཚན་ཁྲིད་དགོས་པ་བཅས་ཀྱི་བླང་བྱ་བཏོན་པ་རེད།
         དེ་དང་དུས་མཚུངས། མཚོ་སྔོན་ཞིང་ཨུད་རྩ་འཛུགས་པུའུ་ཡིས་གསོ་སྦྱོང་ནང་དོན་ལེགས་པར་འདེམས་པ་མ་ཟད། ས་ཁུལ་ཁག་གིས་ཞིང་འབྲོག་པའི་དོན་དངོས་དང་ཟུང་འབྲེལ་གྱིས་གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་དང་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་པ་སོགས་ཀྱི་བཀོད་སྒྲིག་གལ་ཆེན་སྒྲོག་འགྲེལ་དང་ལག་ལེན་ཧུར་ཐག་བསྟར་ནས། གསོ་སྦྱོང་དང་ཕྱུག་འགྱུར་རྩལ་ནུས་གསོ་སྦྱོང་ལ་ཤུགས་སྣོན་རྒྱག་པ་དང་བཟུང་བྲེལ་བྱས་ཏེ་ཞིང་འབྲོག་པའི་འདེབས་འཛུགས་གསོ་ཚགས་དང་། ཁྱད་ལྡན་ཞིང་ལས་གསར་སྤེལ། ཐོན་ལས་ཅན་གྱི་གཉེར་སྐྱོང། དྲ་ཐོག་ཚོང་དོན། ངལ་ལས་རྩལ་ནུས་སོགས་ཐད་ཀྱི་ཤེས་བྱ་གཙོ་གནད་ཐོག་གསོ་སྦྱོང་བྱས་ནས། ཞིང་འབྲོག་པ་ཏང་ཡོན་གྱིས་སྤྱོད་གོ་ཆོད་པའི་ལག་རྩལ་དང་རྩལ་ནུས་ཁོང་དུ་ཆུད་པར་བྱེད་རོགས་བྱས་ཏེ་འཕེལ་རྒྱས་ཀྱི་གཏིང་ཤུགས་ཆེ་རུ་གཏོང་དགོས། ས་ཁུལ་དབུལ་པོས་དབུལ་སྒྲོལ་འཆར་གཞི་དང་། ཐོན་ལས་རྣམ་གྲངས། ཏང་ཡོན་ཀྱི་དཔུང་ཁག་བཅས་ཀྱི་དོན་དངོས་ལ་དམ་པོར་དམིགས་པ་དང་། དམིགས་སའི་རང་བཞིན་གྱི་སྒོ་ནས་དབུལ་སྒྲོལ་ཕྱུག་འགྱུར་གྱི་གསོ་སྦྱོང་སློབ་ཚན་བཀོད་སྒྲིག་བྱས་ཏེ། ཏང་ཡོན་གྱིས་སྣེ་ཁྲིད་དེ་ཕྱུག་འགྱུར་བྱེད་པ་དང་མང་ཚོགས་ཀྱི་སྣེ་ཁྲིད་དེ་ཐུན་མོང་ཐོག་ཕྱུག་འགྱུར་ཐུབ་པའི་འཇོན་ཐང་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས། ཏང་གི་མི་རིགས་ཆོས་ལུགས་སྲིད་ཇུས་ཀྱི་གསོ་སྦྱོང་ལ་ཤུགས་སྣོན་བརྒྱབ་ནས་ཏང་ཡོན་གྱི་རྒྱལ་ཁབ་ཀྱི་འདུ་ཤེས་དང་ཁྲིམས་སྐྱོང་གི་འདུ་ཤེས་ཟབ་ཏུ་གཏོང་བར་ཁྲིད་སྟོན་བྱས་ནས་རང་འགུལ་ངང་མི་རིགས་མཐུན་སྒྲིལ་དང་སྤྱི་ཚོགས་བརྟན་ལྷིང་ལ་སྲུང་སྐྱོང་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།