འཚོལ་བཤེར།   
藏文频道
2018ལོའི་ཟླ་1ཚེས་16ཉིན།
  • མི་དམངས་དྲ་བ།

    ༄༅།།ཧུའུ་པེས་སང་ལོ་ཤང་དང་གྲོང་རྡལ་གྱི་འཚོ་བའི་བཙོག་ཆུ་གཙང་གསིང་ཁྱོན་ཡོངས་ལ་ཁྱབ་
    པ་བྱ་རྩིས་ཡོད་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 01ཚེས་16ཉིན། 10:33】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། ཧུའུ་པེ་ཞིང་ཆེན་སྡོད་ཁང་དང་གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་ཐིང་གི་གནས་ཚུལ་སྤེལ་བར་གཞིགས་ན། ཧུའུ་པེས་2019ལོར་སླེབས་སྐབས་ཞིང་ཆེན་ཡོངས་ཀྱི་ཤང་དང་གྲོང་རྡལ་གྱི་འཚོ་བའི་བཙོག་ཆུ་གཙང་གསིང་ཁྱོན་ཡོངས་ལ་ཁྱབ་པར་བྱས་ནས་སྒྲིག་བཀོད་འཐུས་སྒོ་ཚང་བ་དང་། མདོང་ལམ་དྲ་བ་ལེ་ལག་ཚང་བ། དྲ་ཐོག་ནས་ལྟ་ཞིབ་ཚད་ལེན། འཁོར་སྐྱོད་བརྟན་པོ་བཅས་ཀྱི་ཤང་དང་གྲོང་རྡལ་གྱི་འཚོ་བའི་བཙོག་ཆུ་གཙང་གསིང་ལས་དོན་གྱི་མ་ལག་ཆགས་པར་བྱ་རྒྱུ་རེད།
         འབྲེལ་ཡོད་འཆར་འགོད་ལ་གཞིགས་ན། 2018ལོའི་ལོ་མཇུག་གོང་ཧུའུ་པེ་ཞིང་ཆེན་གྱི་ཤང་དང་གྲོང་རྡལ་གྱི་འཚོ་བའི་བཙོག་ཆུ་གཙང་གསིང་གི་སྒྲིག་བཀོད་འཛུགས་སྐྲུན་རྣམ་གྲངས་ཁྱོན་ཡོངས་ནས་བསྐྲུན་ཟིན་ཏེ་ཐོན་སྐྱེད་བྱེད་འགོ་འཛུགས་རྒྱུ་ཡིན་པའི་ནང་། བསྐྲུན་ཟིན་པའི་འཚོ་བའི་བཙོག་ཆུ་གཙང་གསིང་གི་སྒྲིག་ཆས་ཀྱི་ཐག་གཅོད་ཚད་མ་ལོན་པ་དང་། འཁོར་སྐྱོད་བརྟན་པོ་མེད་པ། མདོང་ལམ་དྲ་བ་ལེ་ལག་ཚང་པོ་མེད་པ། ཆར་ཆུ་དང་བཙོག་ཆུ་ལོགས་དབྱེ་བྱས་མེད་པ་སོགས་དུས་གཅིག་ཏུ་སྒྱུར་བཀོད་བྱ་རྒྱུ་རེད། 2019ལོར་སླེབས་སྐབས་ཞིང་ཆེན་ཡོངས་ཀྱི་ཤང་དང་གྲོང་རྡལ་གྱི་འཚོ་བའི་བཙོག་ཆུ་གཙང་གསིང་ཁྱོན་ཡོངས་ལ་ཁྱབ་པར་བྱ་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།