འཚོལ་བཤེར།   
藏文频道
2018ལོའི་ཟླ་1ཚེས་16ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོའི་ཁེ་ལས་ཀྱིས་སྐྲུན་འགན་འཁུར་བའི་སི་རི་ལན་ཁའི་ལྕགས་ལམ་རྣམ་གྲངས་ཀྱི་
    འཁོར་ལམ་འདིང་བའི་མཛད་སྒོ་འཚོགས་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 01ཚེས་16ཉིན། 10:04】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
    ༄༅།།ཀྲུང་གོའི་ཁེ་ལས་ཀྱིས་སྐྲུན་འགན་འཁུར་བའི་སི་རི་ལན་ཁའི་ལྕགས་ལམ་རྣམ་གྲངས་ཀྱི་
འཁོར་ལམ་འདིང་བའི་མཛད་སྒོ་འཚོགས་པ།
         མི་དམངས་དྲ་བའི་འཕྲིན། ཀྲུང་གོའི་ཁེ་ལས་ཀྱིས་སྐྲུན་འགན་འཁུར་བའི་སི་རི་ལན་ཁའི་ལྷོ་རྒྱུད་ལྕགས་ལམ་གྱི་དུས་ཁག་དང་པོའི་རྣམ་གྲངས་ཚེས་12ཉིན་སི་རི་ལན་ཁའི་གྲོང་ཁྱེར་མ་ཐེ་ལེ་རུ་འཁོར་ལམ་འདིང་བའི་མཛད་སྒོ་འཚོགས་ཤིང་། སི་རི་ལན་ཁའི་ལྷོ་རྒྱུད་ལྕགས་ལམ་རྣམ་གྲངས་2013ལོའི་ཟླ་8པར་ལས་འགོ་ཚུགས་པ་དང་སྔོན་རྩིས་བྱས་ན་དུས་ཁག་དང་པོའི་གྲུབ་ཆ་གཙོ་བོའི་ལས་གྲྭ་འདི་ལོའི་ཟླ་10པར་ལས་མཇུག་འགྲིལ་རྒྱུ་རེད། འཛུགས་སྐྲུན་ལམ་ཚད་ཧྲིལ་པོར་ཁྱོན་སྤྱི་ལེ་26.75ཡོད་པ་དང་ཆུ་ཚོད་རེའི་མྱུར་ཚད་སྤྱི་ལེ་120འཆར་འགོད་བྱས་ཡོད་པ་རེད།གོང་གི་པར་རིས་ནི་སི་རི་ལན་ཁའི་གྲོང་ཁྱེར་མ་ཐེ་ལེ་ནས་བླངས་པའི་སི་རི་ལན་ཁའི་ལྷོ་རྒྱུད་ལྕགས་ལམ་གྱི་དུས་ཁག་དང་པོའི་རྣམ་གྲངས་ཀྱི་འཁོར་ལམ་འདིང་བའི་མཛད་སྒོ་ཚོགས་ཡུལ་གྱི་པར་ཡིན་པ།
      

    ཕྱོགས་བསྡུས་གསར་འགྱུར།