འཚོལ་བཤེར།   
藏文频道
2018ལོའི་ཟླ་1ཚེས་16ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོའི་དང་བླངས་པ་བརྒྱ་ལྷག་ཙམ་གྱིས་ཕིང་ཁྲང་དགུན་དུས་ཨོ་རྩལ་འགྲན་རྩལ་ལ་ཞབས་
    འདེགས་ཞུ་རྒྱུ་ཡིན་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 01ཚེས་16ཉིན། 10:30】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། ཕིང་ཁྲང་དགུན་དུས་ཨོ་རྩལ་འགྲན་ཚོགས་འགོ་ཚུགས་ཉེའི་སྐབས་སུ་འགྲན་ཚོགས་ཀྱི་གོ་སྐབས་ལ་བརྟེན་ནས་2022ལོའི་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་ལ་དང་བླངས་པ་གསོ་སྦྱོང་བྱ་རྒྱུའི་འཆར་གཞི་དེའང་ཉིན་རེའི་ལས་ཀའི་གྲོས་རིམ་ནང་བཅུག་ཡོད། ཚེས་12ཉིན་ཕིང་ཁྲང་དགུན་དུས་ཨོ་རྩལ་འགྲན་ཚོགས་དང་དགུན་དུས་དབང་པོ་སྐྱོན་ཅན་ཨོ་རྩལ་འགྲན་ཚོགས་ཀྱི་ཀྲུང་གོའི་དང་བླངས་པ་བརྒྱ་ལྷག་ཙམ་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་སྒྲིག་འཛུགས་ཨུ་ལྷན་དུ་འཛོམས་ནས། པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་དང་དགུན་དུས་དབང་པོ་སྐྱོན་ཅན་ཨོ་རྩལ་འགྲན་ཚོགས་ཀྱི་གྲ་སྒྲིག་ལས་ཀའི་གནས་ཚུལ་སློབ་སྦྱོང་དང་ཤེས་རྟོགས་བྱས་པ་དང་ཆབས་ཅིག པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་སྒྲིག་འཛུགས་ཨུ་ལྷན་གྱི་གཞུང་ལས་ཁུལ་དུ་ལྟ་སྐོར་དང་རྟོག་ཞིབ་བྱས་པ་རེད།
         པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་སྒྲིག་འཛུགས་ཨུ་ལྷན་མི་ཤུགས་ཐོན་ཁུངས་པུའི་པུའུ་ཀྲང་ཡན་ཁྲེང་གིས་ངོ་སྤྲོད་བྱས་པར། ཀྲུང་གོར་ཕིང་ཁྲང་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་དང་བླངས་པར་མིང་ཐོ་འགོད་པ་དང་རེ་ཞུ་བྱེད་མཁན་མི་གྲངས་1345ཡོད་པ་དང་། ཁྱོན་མི་113ཕིང་ཁྲང་དགུན་དུས་ཨོ་རྩལ་འགྲན་ཚོགས་སྒྲིག་འཛུགས་ཨུ་ལྷན་གྱིས་གཏན་འཁེལ་བྱས་ཤིང་། ཉེ་དུས་གཅིག་རྗེས་གཉིས་མཐུད་ངང་ཕིང་ཁྲང་དུ་བསྐྱོད་པ་རེད། “དང་བླངས་པ་དེ་དག་ནི་འབྱུང་འགྱུར་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་དང་བླངས་པའི་དམག་དཔུང་ཆེ་མོའི་རྐང་འཛིན་སྟོབས་ཤུགས་ཡིན་པས། པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་སྒྲིག་འཛུགས་ཨུ་ལྷན་གྱིས་བྱ་ཐབས་ཏན་ཏིག་སྤྱད་ནས་དང་བླངས་པ་དེ་དག་གསོ་སྐྱོང་ཡག་པོ་བྱ་རྒྱུ་རེད”ཅེས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།