འཚོལ་བཤེར།   
藏文频道
2018ལོའི་ཟླ་1ཚེས་16ཉིན།
  • མི་དམངས་དྲ་བ།

    ༄༅།།ཀན་སུའུ་ཡིས་མདོ་ལ་རིང་མོའི་སྲུང་སྐྱོང་ཁུལ་གྱི་སྣོད་བཅུད་གནད་དོན་དག་ཐེར་བྱས་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 01ཚེས་16ཉིན། 10:28】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། གསར་འགོད་པས་ཀན་སུའུ་ཞིང་ཆེན་སྲིད་གཞུང་ནས་ཤེས་རྟོགས་བྱས་པར། ཀན་སུའུ་ཡིས་མདོ་ལ་རིང་མོའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་སྣོད་བཅུད་ཁོར་ཡུག་གི་གནད་དོན་དག་ཐེར་བྱེད་པའི་བརྒྱུད་རིམ་ཁྲོད“རྩ་ལག་མཉམ་བཅོས”ཀྱི་བྱེད་ཐབས་མཐའ་འཁྱོངས་བྱས་ཤིང་། མིག་སྔའི་བར་སྲུང་སྐྱོང་ཁུལ་གྱི་གཏེར་ལས་དང་། ཆུ་ཤུགས་གློག་ཁང་། ཡུལ་སྐོར་རྣམ་གྲངས་སོགས་གཙོ་གནད་དང་དཀའ་གནད་ཆེ་བའི་དག་ཐེར་ལས་འགན་སྒྲུབ་བཞིན་ཡོད་པ་དང་། རྒྱལ་ཁབ་ཀྱིས་གཏན་འཁེལ་བྱས་པའི་2017ལོའི་ལོ་འཁོར་གྱི་དག་ཐེར་ལས་འགན་ཚང་མ་ལེགས་གྲུབ་ཟིན་ཡོད།
         2017ལོར་ཀན་སུའུ་མདོ་ལ་རིང་མོའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་སྣོད་བཅུད་ཁོར་ཡུག་གི་གནད་དོན་ཐད་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས་བརྡ་ཁྱབ་བཏང་བ་རེད། དེ་རྗེས་ཀན་སུའུ་ཞིང་ཆེན་གྱིས་སྔ་རྗེས་སུ་སྲུང་སྐྱོང་ཁུལ་གྱི་གཏེར་ལས་དབང་ཆ་རིགས་དབྱེ་ཕྱིར་འཐེན་དང་། ཆུ་ཤུགས་གློག་ཁང་ནས་གློག་གཏོང་མཚམས་བཞག་སྟེ་བཅོས་སྒྲིག ཡུལ་སྐོར་སྒྲིག་བཀོད་རྣམ་གྲངས་ཁག་གཅིག་ཧེ་བག་ཅན་གྱི་སྒོ་ནས་བཅོས་སྒྲིག་དང་ཁ་གསབ་སྤྲོད་པ་སོགས་ཀྱི་འབྲེལ་ཡོད་ཇུས་གཞི་བཟོས་ནས་སྲུང་སྐྱོང་ཁུལ་གྱི་སྣོད་བཅུད་ཁོར་ཡུག་གནད་དོན་དག་ཐེར་མཐར་ཕྱིན་བྱས་ཡོད།
         མིག་སྔའི་བར་མདོ་ལ་རིང་མོའི་སྲུང་སྐྱོང་ཁུལ་གྱི་གཏེར་ལས་དབང་ཆ་དང་གཏེར་རིའི་ས་གཤིས་ཁོར་ཡུག་སླར་གསོ་བཅོས་སྐྱོང་གི་ལས་འགན་144སྤྱིའི་ཆ་ནས་ལེགས་གྲུབ་ཟིན་པའི་ཁྲོད་ཁག་61ཡོངས་བསྒྲགས་ངང་ཐོ་བསུབ་པ་དང་། དཔའ་རིས་ཀྱི་རྡོ་སོལ་འཕྲི་འཐེན་རྣམ་པའི་ཐོག་ནས་ཕྱིར་འཐེན་བྱས་པ། དེ་བྱིངས་ཀྱི་ཁག་82ཚང་མ་རིགས་དབྱེ་ཕྱིར་འཐེན་བྱེད་བཞིན་ཡོད་པ། ཆུ་ཤུགས་གློག་ཁང་42ཚང་མར་རིགས་དབྱེ་ཐག་གཅོད་ཀྱི་བསམ་འཆར་བཟོས་པ། ཡུལ་སྐོར་རྣམ་གྲངས་25ཡི་ཁྲོད་21གི་དག་ཐེར་ལས་འགན་ལེགས་གྲུབ་ཟིན་པ་བཅས་རེད།
      

    ཕྱོགས་བསྡུས་གསར་འགྱུར།