འཚོལ་བཤེར།   
藏文频道
2018ལོའི་ཟླ་1ཚེས་16ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོས་ནེ་པ་ལའི་དྲ་རྒྱའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་རོགས་སྐྱོར་བྱས་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 01ཚེས་16ཉིན། 09:59】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། ཀྲུང་གོ་གློག་འཕྲིན་ཚོགས་པ་ཀུང་སི་དང་ནེ་པ་ལ་གློག་འཕྲིན་ཀུང་སིས་ཉིན་ཤས་གོང་ནེ་པ་ལའི་རྒྱལ་ས་ཀ་ཏ་མན་རྡུར་རྒྱལ་ཁབ་གཉིས་ཀྱི་ས་ཁོངས་སྒྲོལ་བའི་འོད་སྐུད་ཤར་གཏོང་མཛད་སྒོ་འཚོགས་པ་དང་ཀྲུང་གོའི་དྲ་སྦྲེལ་སྐུད་ལམ་ནེ་པ་ལར་དངོས་སུ་འཁྲིད་པ་རེད།
         སྐམ་སའི་འོད་སྐུད་དེ་ཀྲུང་གོའི་བོད་ལྗོངས་ནས་ནེ་པ་ལའི་ས་ཁོངས་སུ་འཁྲིད་ཡོད། ནེ་པ་ལ་གློག་འཕྲིན་ཀུང་སིའི་སྤྱི་ཁྱབ་ཅིང་ལི་ཁ་སྨི་ཉི·ལ་ཅེ་པན་ཏ་ལིས་ཤར་གཏོང་མཛད་སྒོའི་ཐོག་བྱེད་ཐབས་སྣ་ཚོགས་བརྒྱུད་གོ་ལ་ཧྲིལ་པོའི་དྲ་རྒྱ་མཉམ་འབྲེལ་བྱས་པ་དེས་ནེ་པ་ལའི་དྲ་རྒྱའི་ཞབས་ཞུའི་སྤུས་ཚད་མཐོ་རུ་འགྲོ་རྒྱུར་གལ་འགངས་ཆེན་པོ་ལྡན་ཡོད་ཅེས་བཤད།
         ནེ་པ་ལའི་ཆ་འཕྲིན་དང་འཕྲིན་གཏོང་པུའི་པུའུ་ཀྲང་མུའོ་ཧན·པ་སི་ནེ་ཐེ་ཡིས་ནེ་ཀྲུང་དབར་ས་ཁོངས་སྒྲོལ་བའི་འོད་སྐུད་ཤར་གཏོང་ཐུབ་པ་ནི་ནེ་པ་ལའི་དྲ་སྦྲེལ་གྱི་རྨང་གཞིའི་སྒྲིག་བཀོད་འཕེལ་རྒྱས་ཀྱི“ལམ་ཚད་རྡོ་རིང”ཞིག་ཡིན་པས་དེས་ནེ་ཀྲུང་གི་མི་རབས་ནས་མི་རབས་བར་གྱི་མཛའ་གྲོགས་འབྲེལ་བ་སྔར་བས་ཟབ་ཏུ་གཏོང་ཐུབ་ཅེས་བཤད།
         ནེ་པ་ལར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཡུས་ཧུང་གིས་ཀྱང་དེས་ནེ་ཀྲུང་དབར་གྱི་འབྲེལ་བ་སྔར་བས་ཟབ་ཏུ་བཏང་ནས་རྒྱལ་ཁབ་གཉིས་ལ་དེ་བས་མང་བའི་ཚོང་དོན་གོ་སྐབས་སྐྲུན་ཐུབ་ཅེས་བཤད།
         དེ་གོང་ནེ་པ་ལས་རྒྱ་གར་གྱི་མཚོ་འོག་འོད་སྐུད་དྲ་སྦྲེལ་ལ་རྦད་དེ་བརྟེན་གྱི་ཡོད། འོན་ཀྱང་ས་གནས་དེ་གའི་སྐར་མ་རིམ་པའི་མགྲོན་ཁང་དུ་སྡོད་མཁན་ཕྱི་རྒྱལ་གྱི་ཡུལ་སྐོར་བས་རྒྱུན་དུ་དྲ་བའི་མྱུར་ཚད་འགོར་བའི་འཁང་ར་བྱེད་ཀྱི་ཡོད། ནེ་པ་ལ་གློག་འཕྲིན་ཅུས་ཀྱིས་2017ལོའི་ཟླ་གསུམ་པར་ཁྱབ་བསྒྲགས་བྱས་པའི་གྲངས་གཞི་ལས་མངོན་དོན། ནེ་པ་ལའི་རྒྱལ་ཡོངས་ཀྱི་མི་འབོར་58%ལ་མ་གཏོགས་དྲ་སྦྲེལ་སྦྲེལ་མཐུད་ཐུབ་ཀྱི་མེད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།