འཚོལ་བཤེར།   
藏文频道
2018ལོའི་ཟླ་1ཚེས་16ཉིན།
  • མི་དམངས་དྲ་བ།

    ༄༅།།ཡོ་རོབ་མནའ་འབྲེལ་གྱིས་ཡོ་རོབ་དང་ཨེ་ཤེ་ཡ་མཉམ་འབྲེལ་འབྲེལ་མཐུད་ཀྱི་འཆར་གཞི་འགོད་པ།

    “རྒྱུད་གཅིག་ལམ་གཅིག”དང་འབྲེལ་མཐུད་བྱ་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 01ཚེས་16ཉིན། 09:54】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
          མི་དམངས་དྲ་བའི་འཕྲིན། ཟླ་1ཚེས་10ཉིན་ཀྲུང་གོར་བཅའ་སྡོད་ཡོ་རོབ་མནའ་འབྲེལ་གྱི་གཞུང་ཚབ་ཆེ་མོ་བ་ཧྲི་ཝུའེ་ཡིས་ལོ་གསར་པའི་ནང་ཡོ་རོབ་ཀྱིས་ཀྲུང་གོ་དང་མཉམ་འབྲེལ་འབྲེལ་མཐུད་བྱེད་པའི་ཐད་ཀྱི་མཉམ་ལས་སྔར་བས་གཏིང་ཟབ་ཏུ་གཏོང་ཐུབ་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད། ཡོ་རོབ་མནའ་འབྲེལ་གྱིས་ཡོ་རོབ་དང་ཨེ་ཤེ་ཡ་སྐམ་ས་མཉམ་འབྲེལ་འབྲེལ་མཐུད་ཀྱི་རང་ཉིད་ཀྱི་ཇུས་འགོད་འཆར་གཞི་འགོད་བཞིན་ཡོད་པ་དང་འབྲེལ“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་དང་འབྲེལ་མཐུད་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད།
          ཧྲི་ཝུའེ་ཡིས་པེ་ཅིང་དུ་འཚོགས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ཡོ་རོབ་མནའ་འབྲེལ་གྱིས“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོར་རྒྱབ་སྐྱོར་བྱ་རྒྱུ་ཡིན། ཡོ་རོབ་དང་ཨེ་ཤེ་ཡའི་སྐམ་ས་ཆེ་མོ་འཕེལ་རྒྱས་དང་དར་རྒྱས་ལ་ཐུན་མོང་ཐོག་སྐུལ་འདེད་གཏོང་ཐུབ་པའི་རེ་བ་ཡོད། 2015ལོར་ཀྲུང་གོ་དང་ཡོ་རོབ་མནའ་འབྲེལ་གྱི་འགོ་ཁྲིད་པས་པུ་རུ་སེར་ཐུག་འཕྲད་གནང་ཞིང་། རྨང་གཞིའི་སྒྲིག་བཀོད་ཁྱབ་ཁོངས་ཐད་འབྲེལ་བ་ཟབ་ཏུ་གཏོང་རྒྱུའི་མོས་མཐུན་གནང་ལ“འབྲེལ་མཐུད་མཉམ་ལས་སྟེགས་བུ”འཛུགས་རྒྱུའི་གཏན་འཁེལ་ཡང་གནང་ཡོད། 2017ལོའི་ཟླ་ལྔ་པའི“རྒྱུད་གཅིག་ལམ་གཅིག”གི་རྒྱལ་སྤྱིའི་མཉམ་ལས་ཀྱི་མཐོ་རིམ་གླེང་སྟེགས་རིང་ཡོ་རོབ་མནའ་འབྲེལ་དང་ཀྲུང་གོས་མཛུབ་ཁྲིད་རང་བཞིན་གྱི་རྩ་དོན་འགའ་ཞིག་གཏན་འཁེལ་བྱས་པའི་ནང་སྒོ་དབྱེ་དང་། ཕྱི་གསལ་ནང་གསལ། དངུལ་རྩ། ཁོར་ཡུག་བཅས་ཀྱི་རྒྱུན་མཐུད་འཕེལ་རྒྱས་སོགས་ཚུད་ཡོད་ཅེས་གསུངས་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།