འཚོལ་བཤེར།   
藏文频道
2018ལོའི་ཟླ་1ཚེས་15ཉིན།
  • མི་དམངས་དྲ་བ།

    ༄༅།།2016ལོར་ཀྲུང་གོའི་ལུས་རྩལ་ཐོན་ལས་ཀྱི་སྤྱིའི་གཞི་ཁྱོན་སྒོར་དུང་ཕྱུར་ཁྲི་1.9ཟིན་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 01ཚེས་15ཉིན། 11:00】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་1ཚེས་13ཉིན་ཞ་མོན་དུ་འཚོགས་པའི་རྒྱལ་ཡོངས་ཀྱི་ལུས་རྩལ་ཐོན་ལས་འཕེལ་རྒྱས་ཚོགས་ཆེན་ཐོག་རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུས་དང་རྒྱལ་ཁབ་བསྡོམས་རྩིས་ཅུས་ཀྱིས་མཉམ་དུ་2016ལོའི་ལོ་འཁོར་གྱི་རྒྱལ་ཁབ་ལུས་རྩལ་ཐོན་ལས་ཀྱི་གྲངས་གཞི་ཡོངས་བསྒྲགས་བྱས་པ་དང་ལུས་རྩལ་ཐོན་ལས་ཀྱི་སྤྱིའི་གཞི་ཁྱོན་སྒོར་དུང་ཕྱུར་ཁྲི་1.9ཟིན་ནས་2015ལོ་ལས་11.1%འཕར་བ་དང་། ཐོན་ལས་རིན་ཐང་འཕར་མ་སྒོར་དུང་ཕྱུར་6475ཟིན་ནས་17.8%འཕར་བ་དང་ཐོན་ལས་རིན་ཐང་འཕར་མས་དུས་མཚུངས་ཀྱི་GDPབསྡུར་ཚད་ཀྱི་0.9%བཟུང་ཡོད་པ་རེད།
         རྒྱལ་ཁབ་བསྡོམས་རྩིས་ཅུས་ཞིབ་རྩིས་སིའི་སི་ཀྲང་གཞོན་པ་ཀྲང་ཏུང་ཡོའུ་ཡིས་ངོ་སྤྲོད་བྱས་པར་གཞིགས་ན། ཞིབ་རྩིས་བརྒྱབ་པ་བརྒྱུད། ལུས་རྩལ་མཁོ་ཆས་དང་འབྲེལ་ཡོད་ཐོན་རྫས་བཟོ་བའི་ཐད་ཀྱི་སྤྱིའི་ཐོན་འབབ་དང་རིན་ཐང་འཕར་མ་མཐོ་ཤོས་ཡིན་པ་སྟེ་སྒོར་དུང་ཕྱུར་11962.1དང་སྒོར་དུང་ཕྱུར་2863.9སོ་སོར་ཟིན་ནས་ལུས་རྩལ་ཐོན་ལས་ཀྱི་སྤྱིའི་ཐོན་འབབ་དང་རིན་ཐང་འཕར་མའི་བསྡུར་ཚད་ཀྱི་62.9%དང་44.2%སོ་སོར་བཟུང་ཡོད་པ་རེད།
         ལུས་རྩལ་ཞབས་ཞུའི་ལས་རིགས་(ལུས་རྩལ་མཁོ་ཆས་དང་འབྲེལ་ཡོད་ཐོན་རྫས་བཟོ་སྐྲུན་དང་ལུས་རྩལ་ཁང་གི་སྒྲིག་བཀོད་འཛུགས་སྐྲུན་ཕུད་པའི་རིགས་ཆེན་པོ་9)ཀྱི་སྤྱིའི་ཐོན་འབབ་སྒོར་དུང་ཕྱུར་6827.0ཟིན་ནས་ལུས་རྩལ་ཐོན་ལས་ཀྱི་སྤྱིའི་ཐོན་འབབ་ཀྱི་བསྡུར་ཚད་བཟུང་ཚད་2015ལོའི་33.4%ནས་35.9%བར་འཕར་བ་དང་། རིན་ཐང་འཕར་མ་སྒོར་དུང་ཕྱུར་3560.7ཟིན་ནས་ལུས་རྩལ་ཐོན་ལས་ཀྱི་རིན་ཐང་འཕར་མའི་བསྡུར་ཚད་བཟུང་ཚད་2015ལོའི་49.2%ནས་55.0%བར་འཕར་བ་རེད།
         གཞན་ཡང་ལུས་རྩལ་ལུས་སྦྱོང་སོས་དལ་ཐོན་ལས་ཀྱི་སྤྱིའི་ཐོན་འབབ་དང་རིན་ཐང་འཕར་མ་འཕར་ཚད་30%ལས་བརྒལ་བ་དང་། འགྲན་རྩོད་འཁྲབ་སྟོན་ལས་རིགས་ཀྱི་སྤྱིའི་ཐོན་འབབ་24.52%འཕར་བ། ལུས་རྩལ་ཐོན་ལས་སྒྲིག་གཞིའི་གྲངས་འབོར་ལོར་འཕར་ཚད་21.7%ཟིན་པ། ལས་རིགས་ཁྲོད་ཞུགས་མཁན་ཁྲི་440ལྷག་ཙམ་ཟིན་པ། འཛད་སྤྱོད་གཞི་ཁྱོན་སྒོར་དུང་ཕྱུར་ཆིག་ཁྲི་ཙམ་ཟིན་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།