འཚོལ་བཤེར།   
藏文频道
2018ལོའི་ཟླ་1ཚེས་15ཉིན།
  • མི་དམངས་དྲ་བ།

    ༄༅།།བརྟག་དཔྱད་སྙན་ཞུའི་ནང་ཕྱི་རྒྱལ་དུ་ཀྲུང་གོའི་སྤྱི་ཡོངས་ཀྱི་གཟུགས་བརྙན་ལ་མགུ་པོ་བྱེད་
    ཚད་བརྟན་པོའི་ངང་འཕར་བ་མངོན་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 01ཚེས་15ཉིན། 10:36】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། “ཕྱི་རྒྱལ་དུ་ཀྲུང་གོའི་སྤྱི་ཡོངས་ཀྱི་གཟུགས་བརྙན་ལ་མགུ་པོ་བྱེད་ཚད་བརྟན་པོའི་ངང་འཕར་བ”“ཀྲུང་གོའི་ཟས་རིགས་དང་། ཀྲུང་ལུགས་གསོ་རིག ཀྲུང་གོའི་མྱུར་བགྲོད་ལྕགས་ལམ་སོགས་ཀྲུང་གོའི་རིག་གནས་དང་ཚན་རྩལ་གྱི་གཞི་རྒྱུ་དག་རྒྱལ་ཁབ་ཀྱི་གཟུགས་བརྙན་གྱི་བཀྲག་མདངས་འཚེར་སར་མུ་མཐུད་འགྱུར་རྒྱུ་ཡིན་པ”ལ་སོགས་རྒྱལ་ཁབ་22ཀྱི་ཕྱི་རྒྱལ་མ་དཔེ་11000ལྷག་ཙམ་ལ་བརྟག་དཔྱད་བྱས་པ་བརྒྱུད་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་2016ལོ་ནས་བཟུང་ཀྲུང་གོའི་རྒྱལ་ཁབ་ཀྱི་གཟུགས་བརྙན་ལ་ཤེས་རྟོགས་བྱེད་པའི་གྲངས་གཞི་དང་མཇུག་བསྡོམས་ཁག་གཅིག་གསར་དུ་ཐོན་ཡོད།
         སྙན་ཞུའི་ནང་ཕྱི་རྒྱལ་དུ་ཀྲུང་གོའི་སྤྱི་ཡོངས་ཀྱི་གཟུགས་བརྙན་ལ་མགུ་པོ་བྱེད་ཚད་བརྟན་པོའི་ངང་འཕར་ཞིང་། དེའི་ནང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ལ་བཞག་པའི་ཀྲུང་གོའི་བག་ཆགས་དེ་དར་རྒྱས་ཆེ་བའི་རྒྱལ་ཁབ་ལས་སྤྱིའི་ཆ་ནས་ལེགས་པ་ཡོད་པ་རེད། ཀྲུང་གོས་གོ་ལ་ཧྲིལ་པོའི་བཅོས་སྐྱོང་ཐད་ལེགས་སྐྱེས་འབུལ་ཚད་དང་རྒྱལ་ནང་གི་བཅོས་སྐྱོང་ཐད་མངོན་ཚུལ་ལ་ཕྱི་རྒྱལ་གྱི་གདེང་འཇོག་བཟང་པོ་ཐོབ་པ་དང་ལྷག་དོན་དུ་གོ་ལ་ཧྲིལ་པོའི་བཅོས་སྐྱོང་ནང་ཚན་རྩལ་དང་དཔལ་འབྱོར་ཁྱབ་ཁོངས་ཞུགས་པའི་མངོན་ཚུལ་ལ་ཁས་ལེན་སྔར་ལས་མང་བ་ཐོབ་ཡོད། ན་བགྲེས་ཚོགས་སྤྱི་དང་བསྡུར་ན་ཕྱི་རྒྱལ་གྱི་ན་གཞོན་ཚོས་ཀྲུང་གོའི་ནང་སྲིད་དང་ཕྱི་འབྲེལ་ཐད་ཀྱི་མངོན་ཚུལ་ལ་གདེང་འཇོག་དེ་བས་མཐོ་བ་བྱེད་ཀྱི་ཡོད།
         སྙན་ཞུའི་ནང་དབྱེ་ཞིབ་བྱས་པ་ལས་བཅར་འདྲི་བྱ་ཡུལ་མང་ཆེ་བས་ཀྲུང་གོའི་འབྱུང་འགྱུར་གྱི་འཕེལ་རྒྱས་ལ་ལྟ་སྟངས་ཡག་པོ་འཛིན་པ་དང་། ཀྲུང་གོ་འདི་ཉིད་གོ་ལ་ཧྲིལ་པོའི་དཔལ་འབྱོར་སྒྲིག་གཞི་ཆེ་གྲས་དང་པོར་འགྱུར་རྒྱུ་མ་ཟད། རྒྱལ་ཁབ་སྔར་ལས་མང་བའི་ཚོང་དོན་རོགས་ཟླ་ཆེ་ཤོས་སུ་གྱུར་དང་འགྱུར་མུས་ཡིན་པའི་སྔོན་དཔག་བྱས་ཡོད། ཀྲུང་གོའི་སྤུས་རྟགས་ལ་རྒྱུས་མངའ་ལྡན་ཚད་བརྟག་དཔྱད་བྱེད་སྐབས་ཕྱི་རྒྱལ་གྱི་བཅར་འདྲི་བྱ་ཡུལ་ཚོས་སྲོལ་རྒྱུན་ལས་རིགས་ཀྱི་སྤུས་རྟགས་རྒྱུས་མངའ་ལོན་ཚད་ཀྱི་བང་རིམ་མཐོ་རུ་སོང་མོད། འོན་ཀྱང་སྤུས་ཚད་ཀྱི་གནད་དོན་ནི་ཀྲུང་གོའི་སྤུས་རྟགས་ཕྱི་རྒྱལ་དུ་འཕེལ་རྒྱས་གཏོང་རྒྱུར་འགོག་རྐྱེན་བཟོ་བའི་རྒྱུ་རྐྱེན་གཙོ་བོ་ཞིག་ཡིན་པ་བསྟན་ཡོད།
         དེ་སྔ་དང་བསྡུར་ན། ད་ཐེངས་ཀྱི་བརྟག་དཔྱད་ནང“རྒྱུད་གཅིག་ལམ་གཅིག”གི་རྒྱལ་སྤྱིའི་མཉམ་ལས་ཀྱི་མཐོ་རིམ་གླེང་སྟེགས་དང་། འབོ་གསེར་གྱི་མཉམ་ལས་ལམ་སྲོལ། ཀྲུང་གོའི་ཟས་རིགས་དང་ཀྲུང་ལུགས་གསོ་རིག་གི་རིག་གནས་ཉམས་ལེན་སོགས་མདོ་གནད་གསར་དུ་བསྣན་ཡོད། དེའི་ནང“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་དེ་ཕྱི་རྒྱལ་དུ་རྒྱུས་མངའ་ལྡན་ཚད་ལོ་རེ་བཞིན་མཐོ་རུ་སོང་ནས་ཧིན་རྡུ་ཉི་ཞི་ཡ་དང་རྒྱ་གར་སོགས་ལམ་རྒྱུད་རྒྱལ་ཁབ་ཏུ་ཤེས་རྟོགས་ཐུབ་ཚད་བཅུ་ཆ་བཞི་ཡན་ཟིན་གྱི་ཡོད་པ་རེད།
         ཀྲུང་གོ་ཕྱི་སྐད་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཝང་ཀང་དབྱིས་སླད་ཕྱིན་རྒྱལ་ཁབ་ཀྱི་གཟུགས་བརྙན་བརྟག་དཔྱད་ཞིབ་འཇུག་ལས་དོན་ཐད་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་དམིགས་ཏེ་ཀྲུང་གོའི་ཇུས་གཞི་དང་ཀྲུང་གོའི་ལེགས་སྐྱེས་འབུལ་ཚད་ཀྱི་གྲངས་གཞིའི་རིན་ཐང་བཙལ་ནས་གྲོས་འགོ་བཀོད་སྒྲིག་གི་འདུ་ཤེས་དང་ནུས་པ་སྔར་བས་ཆེ་རུ་བཏང་སྟེ་རང་བརྟེན་དམངས་དཔྱད་ཀྱི་སྤུས་རྟགས་རྒྱ་སྟོབས་ཆེ་རུ་གཏོང་དགོས་ཞེས་བཤད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།