འཚོལ་བཤེར།   
藏文频道
2018ལོའི་ཟླ་1ཚེས་15ཉིན།
  • མི་དམངས་དྲ་བ།

    ༄༅།།ང་ནི་ཀྲུང་གོའི་བུ་མོ་ཞིག་ཡིན།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 01ཚེས་15ཉིན། 10:30】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         དགུན་སྟོད་ལ་ཧྥ་རན་སེ་སྤྱི་མཐུན་རྒྱལ་ཁབ་ཀྱིས་ལོ་ལྟར་དྲན་གསོ་ཞུ་བའི་གྲགས་ཅན་མི་སྣའི་ནང་ཁྲ་ལི·པོ་ཏེ་ལེར་དང་། ཀྲུའུ་ཏི་ཐེ·ཀེ་ཏི་ཨའེ་ཡི་མིང་བཀོད་ཡོད། སྙན་ངག་པ་ཁྲ་ལི·པོ་ཏེ་ལེར་འདས་ནས་ལོ་150སོང་བ་དང་ཀྲུའུ་ཏི་ཐེ་འདས་ནས་ལོ་100སོང་ཡོད། ཧྥ་རན་སེ་སློབ་གསོའི་ལས་རིགས་ཀྱིས་ཕ་རི་སི་སུའོ་པང་སློབ་ཆེན་དང་སའེ་ནེ་ཧོ་ཧྲེང་ལུའུ་དབྱི་གླིང་ཕྲན་གྱི་ལུའོ་ལིན་སྤྱི་ཤག་ཏུ“ཀྲུའུ་ཏི་ཐེ·ཀེ་ཏི་ཨའེ”འདས་ནས་ལོ་བརྒྱ་འཁོར་བའི་རྒྱལ་སྤྱིའི་གླེང་སྟེགས་འཚོགས་པ་རེད།
         ཀྲུའུ་ཏི་ཐེ་ནི་ཀུང་ཀུའར་རིག་གཞུང་སློབ་གླིང་གི་བུད་མེད་སྙན་ངག་པ་ཞིག་ཡིན་ལ། ཀྲུང་གོའི་ཐང་རྒྱལ་རབས་དང་སུང་རབས་སྐབས་ཀྱི་སྙན་ཚིག་ཧྥ་རན་སེའི་ཡི་གེར་ཕབ་མཁན་གྱི་ཁྱད་དུ་འཕགས་པའི་རྒྱ་རིག་པ་མཁས་ཅན་ཞིག་རེད། ཁོང་གིས་དུས་རབས་19པའི་དུས་མཇུག་ཏུ་ལི་པའེ་དང་། ཏུའུ་ཕུའུ། སུའུ་ཏུང་ཕོ། ལི་ཆིང་ཀྲའོ་བཅས་ཀྱི་སྙན་ཚིག་ཕབ་མྱོང་བ་དང་རྩོམ་སྒྲིག་བྱས་པའི་《པའེ་ཡུས་རིག་གནས་བསྟན་བཅོས་》ཞེས་པ་ཕ་རི་སིར་དཔེ་སྐྲུན་བྱས་ཡོད།
         ཀྲུའུ་ཏི་ཐེ་ནི་ཧྥ་རན་སེའི་འཆར་ཡན་ལུགས་ཀྱི་སྙན་ངག་པ་ཐའེ་ཨའོ་ཧྥེའར·ཀེ་ཏི་ཨའེ་ཡི་བུ་མོ་ཡིན་པ་དང་ཆུང་དུས་རྒྱ་ཡིག་སྦྱངས་མྱོང་བས་ཀྲུང་གོའི་ལོ་རྒྱུས་རིག་གནས་ལ་ཤེས་རྟོགས་ཟབ་མོ་ཡོད། ཤར་ཕྱོགས་སྤྱི་ཚོགས་རྒྱབ་ལྗོངས་སུ་བྱས་པའི་《ཏི་ལུང་》དང་《ཡིད་འོང་ལྷ་མོ་》《ཤར་ཕྱོགས་ཀྱི་མེ་ཏོག་》སོགས་བརྩམས་སྒྲུང་དང་། སྙན་ངག ཟློས་གར་བཅས་དང་ལྷག་པར་དུ་《ཧུང་ཞིའུ་ཆོན་གྱི་གཏམ་རྒྱུད་》སོགས་བརྩམས་ཆོས་གྲགས་ཅན་མང་པོ་བརྩམས་ཡོད་པ་དང་བརྩམས་ཆོས་ནང་རི་པིན་དང་། རྒྱ་གར། ཨེ་ཅིབ། པར་སིག ཐུར་ཁེ་སོགས་ཨེ་ཤེ་ཡ་རྒྱལ་ཁབ་ཀྱི་གནས་ཚུལ་བཀོད་ཡོད།
         ཁོ་མོ་ཀུང་ཀུའར་རིག་གཞུང་སློབ་གླིང་དུ་བསྐྱོད་པའི་ཉིན་ནས་བཟུང“རང་ཉིད་ནི་ཀྲུང་གོའི་སྲས་མོ་ཡིན”ཞེས་སྤོབས་པ་ཆེན་པོས་བརྗོད་ཀྱི་ཡོད། “ཀྲུང་གོའི་སྲས་མོ”དེར་དྲན་གསོ་ཞུ་ཆེད་ཕ་རི་སི་ཀྲུང་གོའི་རིག་གནས་ལྟེ་གནས་ཀྱིས་ཧྥ་རན་སེ་ཕྱོགས་ལ་གཞོགས་འདེགས་བྱས་ནས་གཉེར་བའི་དྲན་གསོའི་བྱེད་སྒོའི་ནང་《ཡོ་རོབ་སྐབས་དོན་ཚགས་པར་》གྱི་གསར་འགོད་པ་ཏུང་ཁྲུན་གདན་དྲངས་ནས་《ཧྥ་རན་སེའི་ཕུལ་བྱུང་བུད་མེད་རྩོམ་པ་པོ་དང་རྒྱ་རིག་པ་མཁས་ཅན་ཀྲུའུ་ཏི་ཐེ·ཀེ་ཏི་ཨའེ་》ཞེས་འགོ་བརྗོད་དུ་འཁོད་པའི་རིག་གཞུང་སྙན་ཞུ་བྱས་པ་རེད།
    ཕ་རི་སི་ཀྲུང་གོའི་རིག་གནས་ལྟེ་གནས་དེ་སའེ་ན་ཆུ་བོའི་ངོགས་སུ་གནས་ཡོད་པ་དང་། སྙན་སྒྲོན་ཉན་པར་ཡོང་མཁན་གྱི་གྲས་སུ་《ཡོན་མིང་ཡོན་གྱི་གོད་ཆག་》ཅེས་པའི་རྩོམ་པ་པོ་པེར་ན·པུའུ་ལི་སའེ་དང་། ཀྲུང་གོར་བཅའ་སྡོད་ཧྥ་རན་སེའི་གཞུང་ཚབ་པ་ཟུར་པ་མོང་དབྱི། 《མི་ཀུན་གྱི་ཀྲུང་གོ་》ཞེས་པའི་རྩོམ་པ་པོ་མཁྱེན་ལྡན་མ་ཝུན་མུའུ་པེ་བཅས་དང་དེ་བཞིན་ཀྲུང་གོར་དགའ་པོ་ཡོད་མཁན་མང་པོ་ཞིག་ཡོད་པ་རེད། མོང་དབྱི་ཁྱོ་ཤུག་གཉིས་པོས་ང་ཚོ་ཀྲུའུ་ཏེ་ཐེའི་ཕ་ཡུལ་པུའུ་ལེ་ཐ་ཉི་ནས་ལོག་མ་ཐག་ཡིན་པ་དང་ཏི་ནའར་མཚོ་འགྲམ་དུ་ཀྲུའུ་ཏི་ཐེ་ཡི་བང་སོར་བལྟ་བར་བསྐྱོད་སྐབས། བང་སོའི་ཐོག་གི“རི་ལའེ་ཐན”ཞེས་པའི་རྒྱ་ཡིག་ཡིག་འབྲུ་གསུམ་པོ་དེ་མཐོང་སྐབས་དེ་ནི“འོད་སྟོང་ཤར་ཕྱོགས་ནས་འཕྲོ”ཞེས་པའི་དོན་ཡིན་པ་གཞི་ནས་རྟོགས་བྱུང་།
         ཀྲུའུ་ཏི་ཐེ་ནི“གནའ་བོའི་ཀེ་རི་སེའི་མཛེས་མ”ཞིག་ཡིན་པ་དང་བང་སོའི་ཐོག་རྒྱ་ཡིག་བརྐོས་པ་དེ་ཡང་མཐོང་དཀོན་པ་ཞིག་རེད། ད་ཆ་ཀྲུའུ་ཏི་ཐེའི་བང་སོ་པུའུ་ལའེ་ཐ་ཉི་མཚོ་འགྲམ་དུ་ཡོད་པ་དང“རེ་ལའེ་ཐན”ཞེས་པའི་རྒྱ་ཡིག་ཡིག་འབྲུ་གསུམ་དེ་ལས་ཤར་ཕྱོགས་ཀྱི་རྣམ་པ་ཟབ་མོ་ཞིག་མཐོང་ཐུབ་ལ་ཁོང་གིས་ཀྲུང་གོར་བཅངས་པའི་འགྱུར་མེད་ཀྱི་བརྩེ་སེམས་ཀྱང་མཚོན་གྱི་ཡོད་པས་དུར་ཕྱག་བྱེད་པར་ཡོང་མཁན་ཀྲུང་གོ་བ་ཚོར་སེམས་འགུལ་ཚད་མེད་ཐེབས་ཡོད།
         སྙན་ཞུ་གྲོལ་རྗེས་སྨྱུག་འཛིན་པས་ཀྲུའུ་ཏི་ཐེ·ཀེ་ཏི་ཨའེ་སྐུ་འཚོ་ཞུགས་སྐབས་ཀྱི་ཕྱག་བྲིས་དང་ཧྥ་རན་སེའི་སྐད་དུ་སྒྱུར་བའི་《ཁུང་ཙིའི་གཞས་》སླར་ཡང་བལྟས་པ་ཡིན།
         ཧྥ་རན་སེའི་གྲགས་ཅན་རྩོམ་པ་པོ་ཝེ་ཁེ་ཏའོ·ཡུས་གོ་ནི་ཀྲུའུ་ཏི་ཐེ་ཡི་གྲོགས་པོ་ཡིན་པ་དང་ཁོང་གི་གཤིས་རྒྱུད་བཟང་པོ་དང་བྱང་ཆུབ་པའི་རྩོམ་རྩལ་ལ་ཡི་རངས་བྱེད་ཀྱི་ཡོད། བརྩམས་སྒྲུང་རིང་གྲས་《ཏི་ལུང་》ཞེས་པ་བཀླགས་རྗེས། ཁོང་གིས་ཀྲུའུ་ཏི་ཐེ་ལ་འཕྲིན་ལན་བསྐུར་ནས“ཁྱེད་ཀྱི་ཚིག་སྦྱོར་སྙན་ལ་སྟོབས་ཤུགས་ཀྱིས་ཕྱུག་པ་ཞིག་འདུག་ལ་ཀྲུང་གོར་བསྐྱོད་པའི་རྣམ་པ་ཡང་ཡིད་དུ་འོང་བ་ཞིག་འདུག་པས་ང་ཚོ་ཡུལ་སྐོར་དུ་འཁྲིད་པ་ལྟར་སྣང”ཞེས་བྲིས་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།