འཚོལ་བཤེར།   
藏文频道
2018ལོའི་ཟླ་1ཚེས་15ཉིན།
  • མི་དམངས་དྲ་བ།

    ༄༅།།སེ་འབྲུའི་གོང་བུ་བཞིན་རྡོག་རྩ་གཅིག་ཏུ་སྒྲིལ་བ། 

    —— བོད་ལྗོངས་ཀྱིས་མི་རིགས་མཐུན་སྒྲིལ་ལས་དོན་ལ་ཤུགས་སྣོན་བརྒྱབ་པའི་སྐོར་བཀོད་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 01ཚེས་15ཉིན། 08:23】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         དུས་ཡུན་རིང་པོའི་ནང་བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པ་དེ་སྤྱི་ཡོངས་དང་འབྲེལ་བ་ཡོད་པའི་དོན་ཆེན་ཞིག་ཏུ་བརྩིས་ནས་ཐོག་མཐའ་བར་གསུམ་དུ་དམ་འཛིན་བྱས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་སྐྲུན་དགོས་པའི”མཛུབ་སྟོན་གལ་ཆེན་བློ་ལ་བརྟན་པོར་ངེས་པ། མི་རིགས་ཁག་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་བཏང་བ། འདྲ་མཉམ་དང་། མཐུན་སྒྲིལ། རོགས་རེས། ཞི་མཐུན་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་མི་རིགས་འབྲེལ་བ་ཟམ་མི་ཆད་པར་སྲ་བརྟན་དང་འཕེལ་རྒྱས་བཏང་བ་བཅས་ལས་མི་རིགས་ཁག་སྤུན་ཉེ་འཆམ་མཐུན་དང་། ལྟ་རེས་སྐྱོང་རེས། ཞི་མཐུན་མཉམ་གནས། ཕྱར་བ་གྲུ་འདེགས། ཞི་མཐུན་འཕེལ་རྒྱས་བཅས་ཀྱི་རྣམ་པ་ཟབ་མོ་ཞིག་ཆགས་ཡོད།
         “ཉིང་ཁྲི་གྲོང་ཁྱེར་འཕེལ་རྒྱས་ཕྱིན་པའི་ངོས་ནས་བརྗོད་ནའང་འདྲ། ཡང་ན་ང་ཚོའི་གྲོང་ཚོ་འགྱུར་ལྡོག་ཕྱིན་པའི་ངོས་ནས་བརྗོད་ནའང་འདྲ། དེ་དག་ཚང་མ་ལས་རླབས་ཆེན་མེས་རྒྱལ་སྟོབས་འབྱོར་ལྡན་པར་གྱུར་ཡོད་པ་དང་། ང་ཚོའི་བདེ་སྐྱིད་ལྡན་པའི་འཚོ་བ་ནི་ཏང་གིས་མི་རིགས་ཁག་གི་སྣེ་ཁྲིད་དེ་མཐུན་སྒྲིལ་འབད་འཐབ་བྱས་པ་ལས་བྱུང་བ་ཡིན་པའི་མྱོང་ཚོར་ཡོང་གི་འདུག”ཅེས་པའི་སྐད་ཆ་འདི་ནི་ཉིང་ཁྲི་གྲོང་ཁྱེར་སྨན་གླིང་རྫོང་རྡོ་མཁར་གྲོང་ཚོའི“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”ཞིང་འབྲོག་པའི་འོས་འགན་སྒྲོག་འགྲེལ་པ་པད་མ་དབང་མོའི་སྙིང་གཏམ་རེད།
         པད་མ་དབང་མོ་དང་བཟའ་ཟླ་ཧྥུའུ་ཏུའུ་ཧྥང་གཉེན་སྒྲིག་བྱས་ནས་ལོ་བཅུ་ལྷག་ཙམ་སོང་བ་དང་། ཏང་གི་སྲིད་ཇུས་བཟང་པོའི་ཁྲིད་སྟོན་འོག་ཁོང་ཚོས་ཡིད་ཆེས་བརྟན་པོས་ཕྱུག་འགྱུར་གྱི་ཐབས་ལམ་བཙལ་ཡོད། ད་ཆ་ཁོང་ཚོས་གྲོང་ཚོའི་མོན་པ་རིགས་དང་ལྷོ་པ་རིགས་ཀྱི་གཅེན་གཅུང་དང་མཉམ་དུ་དར་རྒྱས་རི་གྲོང་གི་ཞིང་ཁྱིམ་སྤྲོ་ཁང་གཉེར་སྐྱོང་བྱེད་ཀྱི་ཡོད་པ་མ་ཟད། ད་དུང་མི་རིགས་ལག་ཤེས་བཟོ་རྩལ་ལས་སྣོན་བཟོ་གྲྭ་བཙུགས་ནས་བདེ་ཞིང་སྐྱིད་པའི་འཚོ་བ་སྐྱེལ་བཞིན་ཡོད།
        2017ལོའི་ཟླ་3པའི་ཟླ་འགོ་ནས་བཟུང་།“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”བརྗོད་དོན་གཙོ་བོའི་སློབ་གསོ་ལག་ལེན་བྱེད་སྒོ་ས་མཐོའི་གང་སར་སྤེལ་བས། རྒྱ་ཆེའི་ཞིང་འབྲོག་མང་ཚོགས་དང་། གཞོན་ནུ་ལོ་ཆུང་སློབ་མ། དགོན་སྡེའི་གྲྭ་བཙུན་བཅས་ཀྱིས་ལག་ལེན་བྱེད་སྒོར་ཧུར་ཐག་ཞུགས་ནས་སྤྱི་ཚོགས་ཡོངས་སུ་དྲང་ནུས་ཆེན་པོ་ཞིག་ཆགས་པ་དང་། མཐའ་སྐྱོང་བོད་བརྟན་དང་དམངས་ཕྱུག་བོད་དར་གྱི་རླབས་ཆེན་ལག་ལེན་གྱི་རྣམ་པ་གསར་པ་ཟམ་མི་ཆད་པར་བཏོད་ཡོད།
         མི་རིགས་མཐུན་སྒྲིལ་ནི“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”ནང་དོན་གལ་ཆེན་ཞིག་རེད། བྱེད་སྒོ་སྤེལ་རིང་ལས་དོན་ཁག་ལ་སྐུལ་འདེད་ཏན་ཏིག་བཏང་བས་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད། སྤྱི་ཚོགས་ཡོངས་སུ“མཐུན་སྒྲིལ་བརྟན་ལྷིང་ནི་བདེ་སྐྱིད་ཡིན་པ་དང་ཁ་ཕྲལ་ཟང་ཟིང་ནི་ཆག་སྒོ་ཡིན་པའི”འདུ་ཤེས་བརྟན་པོར་བཙུགས་ཏེ་མི་རིགས་ཁག་གི་མི་དམངས་ཀྱིས་རང་ཉིད་ཀྱི་མིག་འབྲས་ལ་གཅེས་སྤྲས་བྱེད་པ་ལྟར་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་བྱེད་པ་དང་། རང་ཉིད་ཀྱི་ཚེ་སྲོག་ལ་གཅེས་སྤྲས་བྱེད་པ་ལྟར་མི་རིགས་མཐུན་སྒྲིལ་ལ་གཅེས་སྤྲས་བྱ་རྒྱུའི་ཁྲིད་སྟོན་བྱས་ཡོད།
        བོད་ཤར་གྱི་གྲོག་རོང་ནས་མངའ་རིས་ས་མཐོའི་བར་དང་། བོད་ཀྱི་བྱང་རྩྭ་ཐང་ནས“གངས་ལྗོངས་ཀྱི་སྔོ་ལྗང་མཛེས་ལྗོངས་ཁུལ”ཉིང་ཁྲིའི་བར་མེས་རྒྱལ་གཅིག་གྱུར་ལ་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་རྒྱུ་དེ་རང་ལྗོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་ཐུན་མོང་ངོས་འཛིན་དུ་གྱུར་ཡོད།
         ནག་ཆུ་ས་ཁུལ་ནག་ཆུ་རྫོང་གི་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཀྱིས་མི་རིགས་མཐུན་སྒྲིལ་ནི་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་སྲོག་རྩ་ཡིན་པ་དང་། ང་ཚོས་རྒྱལ་ཁབ་འཕེལ་རྒྱས་དང་མི་རིགས་དར་རྒྱས་གཏོང་བར་རང་རྟོགས་ངང་ཞུགས་ནས་རྒྱལ་གཅེས་རིང་ལུགས་སྤྱི་ཚོགས་ཡར་ཐོན་ལ་སྐུལ་འདེད་གཏོང་བའི་སྟོབས་ཤུགས་ཆེན་པོར་བརྩིས་ཏེ་ནག་ཆུའི་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་བའི་མཉམ་ཤུགས་ཆེན་པོ་ཞིག་ཆགས་པར་བྱེད་དགོས་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད།
          བོད་སྐྱོར་དུ་ཡོང་ཐེངས་གསུམ་པ་ཡིན་པའི་ཧྭ་ཀྲུང་ཞིང་ལས་སློབ་ཆེན་གྱི་བོད་སྐྱོར་ལས་བྱེད་པ་ལི་ཅ་ཁུའེ་ཡིས་བོད་སྐྱོར་དུ་ཐེངས་གསུམ་ཡོང་པར་གྲུབ་འབྲས་ཆེ་ཤོས་ནི་མི་རིགས་མཐུན་སྒྲིལ་གྱི་བརྩེ་སེམས་ཟབ་ཏུ་ཕྱིན་པ་དེ་རེད། མི་རིགས་མཐུན་སྒྲིལ་ནི་ཚང་མའི་ལས་དོན་ཡིན་པ་དང་ང་ཚོ་མི་ཚང་མས་ཐུན་མོང་ཐོག་འབད་བརྩོན་བྱས་ཚེ་གཞི་ནས་མི་རིགས་མཐུན་སྒྲིལ་གྱི་བརྩེ་བས་མི་རིགས་ཁག་གི་གཞོན་ནུ་བསྐྱངས་ཏེ་བོད་ཀྱི་འཕེལ་རྒྱས་སྔར་བས་ཡག་པོ་ཡོང་སྲིད་ཅེས་མྱོང་ཚོར་ཟབ་མོས་བཤད།
         གསོན་ཉམས་དོད་པའི་དོན་དངོས་མང་པོ་ལས་མཐུན་སྒྲིལ་གྱིས་བརྟན་ལྷིང་ལ་སྐུལ་འདེད་གཏོང་བ་དང་མཐུན་སྒྲིལ་གྱིས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་ར་སྤྲོད་གང་ལེགས་ཐུབ་ཡོད། བོད་ཀྱི་མི་རིགས་ཁག་གི་མི་དམངས་མཐུན་སྒྲིལ་རྡོག་རྩ་གཅིག་ཏུ་སྒྲིལ་བ་དང་གཅིག་སེམས་གཅིག་ལ་བསྒྲིལ་ན། མི་རིགས་ཁག་གི་མི་དམངས་ཀྱིས་མེས་རྒྱལ་གཅིག་གྱུར་ལ་སྲུང་སྐྱོང་དང་། མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་། སྤྱི་ཚོགས་བརྟན་ལྷིང་དང་ཡུན་རིང་བདེ་འཁོད་ལ་སྲུང་སྐྱོང་བཅས་ཀྱི་ངར་ལྕགས་ལྟ་བུའི་ལྕགས་རི་རིང་པོ་བརྟན་པོ་ཞིག་བསྐྲུན་ནས་མཛེས་སྡུག་དང་། ཞི་མཐུན། བདེ་སྐྱིད་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པ་ཞིག་སྐྲུན་ཐུབ་ངེས་རེད།
      

    ཕྱོགས་བསྡུས་གསར་འགྱུར།