འཚོལ་བཤེར།   
藏文频道
2018ལོའི་ཟླ་1ཚེས་15ཉིན།
  • མི་དམངས་དྲ་བ།

    ༄༅།།ན་ནིང་རང་རྒྱལ་གྱི་ཕྱི་ཕྱོགས་ཉོ་ཚོང་གི་ཕྱིར་གཏོང་ནང་འདྲེན་དུས་མཚུངས་ལས་14.2%
    འཕར་ནས་ལོ་གཉིས་བསྟུད་མར་ཆག་པའི་རྣམ་པར་འགྱུར་ལྡོག་བྱུང་བ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 01ཚེས་15ཉིན། 08:15】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་1ཚེས་12ཉིན། གསར་འགོད་པར་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་གསལ། 2017ལོའི་རང་རྒྱལ་གྱི་དངོས་ཟོག་ཉོ་ཚོང་གི་ཕྱིར་གཏོང་ནང་འདྲེན་བསྡོམས་འབོར་མི་དམངས་ཤོག་སྒོར་དུང་ཕྱུར་ཁྲི་27.79ཟིན་ནས་2016ལོ་ལས་14.2%འཕར་ཏེ་དེ་གོང་ལོ་གཉིས་བསྟུད་མར་ཆག་པའི་རྣམ་པར་འགྱུར་ལྡོག་ཕྱིན་ཞིང་། དེའི་ཁྲོད་སྒོར་དུང་ཕྱུར་ཁྲི་15.33ཟིན་པའི་དངོས་ཟོག་ཕྱིར་གཏོང་བྱས་པ་དེ་10.8%འཕར་བ་དང་། སྒོར་དུང་ཕྱུར་ཁྲི་12.46ཟིན་པའི་དངོས་ཟོག་ནང་འདྲེན་བྱས་པ་དེ་18.7%འཕར་བ། ཉོ་ཚོང་གཏོང་མང་ཡོང་ཉུང་གི་ཧེ་བག་སྒོར་དུང་ཕྱུར་ཁྲི་2.87ཟིན་ཏེ་14.2%ཆག་ཡོད་པ་རེད།
          འགག་སྒོ་ལས་ཁུངས་ཀྱི་བསྡོམས་རྩིས་ལས་མངོན་པར། ན་ནིང་རང་རྒྱལ་གྱི་དངོས་ཟོག་ཉོ་ཚོང་ཕྱིར་གཏོང་ནང་འདྲེན་བསྡོམས་འབོར་དུས་ཚིགས་ལྟར་རིམ་བཞིན་མཐོ་རུ་ཕྱིན་ཡོད། དུས་ཚིགས་དང་པོ་ནས་བཞི་པ་བར་ཁག་སོ་སོར་སྒོར་དུང་ཕྱུར་ཁྲི་6.17དང་། སྒོར་དུང་ཕྱུར་ཁྲི་6.91 སྒོར་དུང་ཕྱུར་ཁྲི་7.17 སྒོར་དུང་ཕྱུར་ཁྲི་7.54བཅས་ཡིན་པ་དེ་ཁག་སོ་སོར་21.3%དང་། 17.2% 11.9% 8.6%བཅས་འཕར་ཡོད། སྤྱིར་བཏང་ཉོ་ཚོང་གི་ཕྱིར་གཏོང་ནང་འདྲེན་བྱེད་ཚད་ཅུང་འཕར་མགྱོགས་པ་དང་བསྡུར་གྲངས་འཕར་ཡོད་པ་མ་ཟད། ཉོ་ཚོང་བྱེད་སྟངས་ཀྱི་གྲུབ་ཆའང་ཅུང་ལེགས་སུ་ཕྱིན་ཡོད་པ་རེད།
         མདུན་གྲལ་གསུམ་གྱི་ཉོ་ཚོང་རོགས་ཟླའི་ཕྱིར་གཏོང་ནང་འདྲེན་བྱེད་ཚད་དུས་གཅིག་ཏུ་འཕར་བ་དང་། “རྒྱུད་གཅིག་ལམ་གཅིག”གི་ལམ་རྒྱུད་རྒྱལ་ཁབ་ཁག་གཅིག་དང་ཕྱིར་གཏོང་ནང་འདྲེན་བྱེད་པའི་འཕར་ཚུལ་ཡག་པོ་ཡོད་པའི་ཁྲོད་རང་རྒྱལ་གྱིས་ཡོ་རོབ་མནའ་འབྲེལ་དང་། ཨ་རི། ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་བཅས་དང་ཕྱིར་གཏོང་ནང་འདྲེན་བྱེད་ཚད་15.5%དང་། 15.2% 16.6%བཅས་འཕར་བ་དང་། དེ་གསུམ་པོའི་བསྡོམས་འབོར་གྱིས་རང་རྒྱལ་གྱི་ཕྱིར་གཏོང་ནང་འདྲེན་བསྡོམས་འབོར་གྱི་41.8%བཟུང་ཡོད། དུས་མཚུངས་སུ་རང་རྒྱལ་གྱིས་ཨུ་རུ་སུ་དང་། ཕོ་ལན། ཧ་སག་སི་ཐན་སོགས་རྒྱལ་ཁབ་དང་ཕྱིར་གཏོང་ནང་འདྲེན་བྱེད་ཚད་ཁག་སོ་སོར་23.9%དང་། 23.4% 40.7%བཅས་འཕར་ནས་སྤྱིར་ན་སྤྱིའི་འཕར་ཚད་ལས་མཐོ་བ་ཡོད་པ་རེད།
         དབུས་ནུབ་རྒྱུད་དང་བྱང་ཤར་ཞིང་ཆེན་གསུམ་གྱི་ཕྱིར་གཏོང་ནང་འདྲེན་འཕར་ཚད་རྒྱལ་ཡོངས་ཧྲིལ་པོ་ལས་མགྱོགས་པ་དང་ས་ཁོངས་འཕེལ་རྒྱས་ཀྱི་མཐུན་སྦྱོར་རང་བཞིན་ཆེ་རུ་ཕྱིན་ཡོད། དམངས་གཉེར་ཁེ་ལས་ཀྱི་ཕྱིར་གཏོང་ནང་འདྲེན་བྱེད་ཚད་མང་དུ་དང་བསྡུར་གྲངས་བཟུང་ཚད་མཐོ་རུ་ཕྱིན་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།