འཚོལ་བཤེར།   
藏文频道
2018ལོའི་ཟླ་1ཚེས་15ཉིན།
  • མི་དམངས་དྲ་བ།

    ༄༅།།ཞིང་ལས་འཕེལ་རྒྱས་དངུལ་ཁང་གིས་སྟོན་འབྲུ་ཉོ་སྒྲུབ་དངུལ་བུན་སྒོར་དུང་ཕྱུར་ཆིག་སྟོང་
    སྤྲད་ནས"འབྲུ་ཉོའི་དངུལ"འགན་ལེན་བྱས་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 01ཚེས་15ཉིན། 08:10】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་1ཚེས་10ཉིན་ཀྲུང་གོ་ཞིང་ལས་འཕེལ་རྒྱས་དངུལ་ཁང་ནས་གསར་འགོད་པར་ཤེས་རྟོགས་བྱུང་བ་ལྟར་ན། 2017ལོའི་ལོ་མཇུག་བར། ཞིང་ལས་འཕེལ་རྒྱས་དངུལ་ཁང་གིས་སྟོན་འབྲུ་ཉོ་སྒྲུབ་དངུལ་བུན་སྒོར་དུང་ཕྱུར་1125སྤྲད་དེ་ཁེ་ལས་ཀྱིས་འབྲུ་རིགས་དང་སྣུམ་རྒྱ་མ་དུང་ཕྱུར་1111ཉོ་རྒྱུར་རྒྱབ་སྐྱོར་བྱས་ཡོད་པ་རེད།
         ཞིང་ལས་འཕེལ་རྒྱས་དངུལ་ཁང་གི་འབྲེལ་ཡོད་འགན་འཁུར་བས། 2017ལོར་ཞིང་ལས་འཕེལ་རྒྱས་དངུལ་ཁང་གིས་སྟོན་འབྲུ་ཉོ་སྒྲུབ་མ་དངུལ་སྤྲོད་པ་དང་དོ་དམ་བྱེད་པའི་ལས་དོན་དེ་དངུལ་ཁང་གི་ལས་དོན་ཁྲོད་ཀྱི་གལ་ཆེའི་ནང་གི་འགངས་ཆེར་བརྩིས་ནས་མ་དངུལ་སྤྲོད་པའི་ཐབས་ལམ་གཙོ་བོའི་ནུས་པ་མུ་མཐུད་འདོན་སྤེལ་བྱས་ཡོད་ཅེས་ངོ་སྤྲོད་བྱས།
         ཤེས་རྟོགས་བྱུང་བར་གཞིགས་ན། ཞིང་ལས་འཕེལ་རྒྱས་དངུལ་ཁང་གིས་འབྲུ་རིགས་ཀྱི་ཁྲོམ་ར་སྔར་བས་བརྟན་པོ་ཡོང་བ་བྱས་ནས་ཞིང་པའི་ཁེ་ཕན་བསྲུངས་ཕྱིར། ལས་དོན་ཕྱོགས་གསུམ་ཐད་ནས་ཤུགས་སྣོན་བརྒྱབ་སྟེ་སྟོན་འབྲུ་ཉོ་སྒྲུབ་བདེ་བླག་ཡོང་བ་བྱས་པ་སྟེ།
        གཅིག་ནས་ཉོ་སྒྲུབ་ཀྱི་རྣམ་པར་སྔོན་ནས་བརྟག་དཔྱད་བྱེད་འགོ་བཙུགས་ཏེ་ཡིད་རྟོན་དངུལ་བུན་གྱི་སྲིད་ཇུས་འཕྲལ་མར་ཁ་གསལ་བཟོས་པ་དང་། ཚོང་ཤག་བཀོད་སྒྲིག་དང་རིམ་དཔྱད་ཡིད་རྟོན་ལས་དོན་སྔོན་ལ་སྤེལ་ཅིང་། ཡང་སྒོས་སུ་བྱང་ཤར་གྱི་ཞིང་ཆེན་གསུམ་དང་ཆུས་གཅིག་གི་ཨ་ཤོམ་ཉོ་སྒྲུབ་ཁེ་ལས་591ལ་ཞབས་འདེགས་ཞུས་པ་དེ་དུས་མཚུངས་ལས་ཁེ་ལས་179མང་དུ་སོང་ནས་འཕར་ཚད་43%ཟིན་ཏེ་གཞི་རྩའི་ཆར་ཐོན་ཁུལ་གཙོ་བོའི་གྲོང་ཁྱེར་དང་རྫོང(ཆི)ལ་ཁྱབ་ཅིང་། ཁེ་ལས་523ལ་རིམ་དཔྱད་ཡིད་རྟོན་བྱས་ཏེ་ཡིད་རྟོན་དངུལ་སྒོར་དུང་ཕྱུར་721བཏང་བ་དེ་དུས་མཚུངས་ལས་ཁེ་ལས་141དང་སྒོར་དུང་ཕྱུར་79མང་དུ་སོང་ནས“འབྲུ་ཉོའི་དངུལ”འགན་ལེན་བྱུང་ཡོད།
         གཉིས་ནས་དངུལ་བུན་གཡར་བའི་ཚད་གཞི་དམའ་རུ་བཏང་སྟེ་དངུལ་བུན་འཁོར་རྒྱུག་སྟབས་བདེ་རུ་དང་ཡིད་རྟོན་དངུལ་བུན་སྤྲོད་ནུས་ཆེ་རུ་བཏང་ཡོད། ཉོ་སྒྲུབ་ནང་ཞུགས་པའི་ཁེ་ལས་རང་ངོས་ཀྱི་མ་དངུལ་གྱི་བསྡུར་ཚད་དེ་20%ནས་10%བར་བཅག་པ་དང་། ཡིད་རྟོན་ཁག་ཐེག་ཐེབས་རྩས་གཤམ་ལ་དངུལ་བུན་གཏོང་བའི་ཞིབ་མཆན་འགོད་པའི་དབང་ཚད་ཞིང་ཆེན་རིམ་པའི་ཡན་ལག་དངུལ་ཁང་ལ་སྤྲད་དེ་ཡིད་རྟོན་དབུལ་བུན་སྤྲོད་པའི་བྱེད་ཐབས་ཐོག་ནས་འཁོར་རྒྱུག་བེད་སྤྱོད་ཆོག་གི་ཡོད།
        གསུམ་ནས་ལས་ཀ་བཀོད་སྒྲིག་བྱེད་ཤུགས་ཆེ་རུ་བཏང་བ། སྟོན་འབྲུ་ཉོ་སྒྲུབ་བྱེད་མང་བའི་དུས་སུ་ལས་དོན་ཚོགས་ཆུང་བྱང་ཤར་ས་ཁུལ་ལ་བཏང་སྟེ་ཉོ་སྒྲུབ་ལས་དོན་ལ་ལྟ་ཞིབ་བྱས་ནས་གནས་ཚུལ་གསར་པ་ཤེས་རྟོགས་དང་ལས་ཀའི་ཁྲོད་ཀྱི་གནད་དོན་ཐག་གཅོད་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།