འཚོལ་བཤེར།   
藏文频道
2018ལོའི་ཟླ་1ཚེས་11ཉིན།
  • མི་དམངས་དྲ་བ།

    ༄༅།།2017ལོའི་པེ་ཅིང་གི་འགུལ་བརྙན་རོལ་རྩེད་ཐོན་ལས་ཀྱི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་
    627ཟིན་ནས་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 01ཚེས་11ཉིན། 10:55】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། 2017ལོར་པེ་ཅིང་གི་འགུལ་བརྙན་རོལ་རྩེད་ཐོན་ལས་ཁེ་ལས་ཀྱི་སྤྱིའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་627ཟིན་པ་དེ་2016ལོ་དང་བསྡུར་ན་20%ཙམ་འཕར་ནས་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་ཡོད་པ་རེད། མ་རྩོམ་གསར་སྤེལ་ཁེ་ལས་ཀྱི་དྲ་རྒྱའི་རོལ་རྩེད་ཕྱིར་གཏོང་དངུལ་འབོར་མི་དམངས་ཤོག་སྒོར་དུང་ཕྱུར་116.09ཟིན་པ་དེ་ན་ནིང་གི་སྒོར་དུང་ཕྱུར་60.2དང་བསྡུར་ན་ཧ་ལམ་93%འཕར་ཡོད་པ་རེད།
         འབྲེལ་ཡོད་གྲངས་གཞི་ལས་མངོན་པར་གཞིགས་ན། པེ་ཅིང་ཉིད་རྒྱལ་ཡོངས་འགུལ་བརྙན་རོལ་རྩེད་ཐོན་ལས་ཀྱི་ཞིབ་འཇུག་གསར་སྤེལ་ལྟེ་གནས་སུ་གྱུར་ཡོད་པ་དང་། ཉེ་བའི་ལོ་ཤས་རིང་། པེ་ཅིང་གྲོང་ཁྱེར་དུ་རྒྱལ་ཡོངས་སུ་སྐད་གྲགས་ཆོད་པའི་འགུལ་བརྙན་རོལ་རྩེད་ཁེ་ལས་དང་ཕུལ་བྱུང་ཐོན་རྫས་ཁག་གཅིག་ཐོན་ནས་གསར་གཏོད་དང་། པར་སྐྲུན། གཉེར་སྐྱོང་། འགྲེམས་སྤེལ། ཐོན་རྫས་གསར་སྤེལ་བཅས་ཚུད་པའི་ཁྱོན་ཡོངས་ཐོན་ལས་འབྲེལ་ཐག་ཞིག་གྲུབ་ནས་ཞིབ་འཇུག་གསར་སྤེལ་རྣམ་པ་ནས་ཐབས་ལམ་རྣམ་པའི་བར་གྱི་ཁྱོན་ཡོངས་ཐོན་ལས་རིགས་ཚང་མར་ཁྱབ་སྟེ། རྒྱལ་ཡོངས་འགུལ་བརྙན་རོལ་རྩེད་ཐོན་ལས་ཀྱི་ཞིབ་འཇུག་གསར་སྤེལ་ལྟེ་གནས་སུ་གྱུར་ཡོད།
         གསར་འགོད་པར་ཤེས་རྟོགས་བྱུང་བར། འགུལ་བརྙན་རོལ་རྩེད་ནི་ཀྲུང་གོའི་རིག་གནས་ཐོན་རྫས་ཕྱིར་སྐྱོད་པའི་སྟོབས་ཤུགས་གཙོ་བོར་གྱུར་ཡོད། པེ་ཅིང་གྲོང་ཁྱེར་གྱི་སྟོབས་ཤུགས་ཆེ་བའི་ཁེ་ལས་ཁག་གིས་ཕྱི་རྒྱལ་གྱི་ཞིབ་སྤེལ་འགྲེམས་སྤེལ་ཀུང་སི་ཉོ་སྒྲུབ་ཧུར་ཐག་བྱས་ནས་གོ་ལ་ཧྲིལ་པོའི་འགུལ་བརྙན་རོལ་རྩེད་ཁྲོམ་ར་ཇུས་འགོད་བྱས་པ་དང་། མ་རྩོམ་གསར་སྤེལ་ཁེ་ལས་ཀྱི་དྲ་རྒྱའི་རོལ་རྩེད་ཕྱིར་གཏོང་དངུལ་འབོར་ཧ་ལམ་མི་དམངས་ཤོག་སྒོར་དུང་ཕྱུར་116.09ཟིན་པ་དེ་ན་ནིང་གི་སྒོར་དུང་ཕྱུར་60.2དང་བསྡུར་ན་ཧ་ལམ་93%འཕར་ནས། མ་རྩོམ་སྒུལ་བདེའི་རོལ་རྩེད་པེ་ཅིང་རོལ་རྩེད་ཕྱིར་གཏོང་གི་སྟོབས་ཤུགས་གསར་པར་གྱུར་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།