འཚོལ་བཤེར།   
藏文频道
2018ལོའི་ཟླ་1ཚེས་11ཉིན།
  • མི་དམངས་དྲ་བ།

    ༄༅།།ལོ་མཇུག་གོང་ཧོ་ནན་གྱིས་ཞིང་ཆེན་ཡོངས་སུ་གྲོང་གསེབ་འཆར་འགོད་ཡོངས་ཁྱབ་བྱ་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 01ཚེས་11ཉིན། 10:57】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། གྲོང་གསེབ་འཛུགས་སྐྲུན་བྱེད་སྒོ་ཚད་ལྡན་དུ་བཏང་སྟེ་གྲོང་གསེབ་ཀྱི་ས་ཁང་གཞི་གཅིག་གི་གཏན་འཇགས་རྒྱུ་ནོར་ཐོ་འགོད་ལས་དོན་མགྱོགས་མྱུར་སྤེལ་ཆེད། ཧོ་ནན་ཞིང་ཆེན་སྡོད་ཁང་འཛུགས་སྐྲུན་ཐིང་གིས་གྲོང་གསེབ་འཛུགས་སྐྲུན་འཆར་འགོད་ཀྱི་ཆོག་མཆན་དོ་དམ་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུར་བརྡ་ཐོ་བཏང་ནས། 2018ལོའི་ལོ་མཇུག་གོང་ཧོ་ནན་ཞིང་ཆེན་དུ་གྲོང་གསེབ་འཆར་འགོད་གཞི་རྩའི་ཐོག་ཡོངས་ཁྱབ་ཐུབ་པ་དང་། 2020ལོར་རྫོང་(གྲོང་ཁྱེར)ཡོངས་སུ་རྫོང་ཁོངས་ཀྱི་གྲོང་གསེབ་འཛུགས་སྐྲུན་འཆར་འགོད་སྒྲིག་བཟོ་ལེགས་སྒྲུབ་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།
          གྲངས་གཞི་ལས་མངོན་པར། 2017ལོའི་ཟླ་11པའི་ཟླ་མཇུག་བར་ཧོ་ནན་ཞིང་ཆེན་གྱི་རྫོང་(གྲོང་ཁྱེར་དང་ཆུས)82ལ་རྫོང་ཁོངས་གྲོང་གསེབ་འཛུགས་སྐྲུན་འཆར་འགོད་བྱས་པ་དང་། སྲིད་འཛིན་གྲོང་ཚོ་19796ལ་གྲོང་སྡེའི་འཆར་འགོད་བྱས་པར་རྫོང་ཁོངས་ཀྱི་གྲོང་གསེབ་འཛུགས་སྐྲུན་འཆར་འགོད་དང་གྲོང་སྡེའི་འཆར་འགོད་སྒྲིག་བཟོ་བྱེད་ཚད་དམའ་ཙམ་ཡོད། བརྡ་ཐོའི་ནང་2018ལོའི་ལོ་མཇུག་གོང་ཧོ་ནན་ཞིང་ཆེན་དུ་གྲོང་གསེབ་འཆར་འགོད་གཞི་རྩའི་ཐོག་ཡོངས་ཁྱབ་ཐུབ་པ་དང་། 2020ལོར་རྫོང་(གྲོང་ཁྱེར)ཡོངས་སུ་རྫོང་ཁོངས་ཀྱི་གྲོང་གསེབ་འཛུགས་སྐྲུན་འཆར་འགོད་སྒྲིག་བཟོ་ལེགས་སྒྲུབ་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།
          ཤེས་རྟོགས་བྱུང་བར་གཞིགས་ན། ཧོ་ནན་ཞིང་ཆེན་གྱིས་གྲོང་གསེབ་འཛུགས་སྐྲུན་འཆར་འགོད་ཀྱི་ཆོག་མཆན་སྤྱོད་རྒྱུར་འཚམ་པའི་ཁྱབ་ཁོངས་སྔར་བས་ཞིབ་ཚགས་སུ་བཏང་སྟེ་གྲོང་གསེབ་འཛུགས་སྐྲུན་འཆར་འགོད་ཀྱི་ཆོག་མཆན་ལག་ཁྱེར་རེ་ཞུའི་ཆ་རྐྱེན་དང་། རེ་ཞུའི་ཡིག་ཆ། ཞིབ་བཤེར་གོ་རིམ། ཞིབ་བཤེར་ཆོག་མཆན་དུས་ཆད། ལྟ་སྐུལ་དོ་དམ་སོགས་ཀྱི་ནང་དོན་གསལ་པོ་བཟོས་པ་དང་འབྲེལ་གོ་བདེ་ལ་རྟོགས་སླ་བའི་ཡིག་ཆ་དང་ལས་རིམ་རི་མོ་དང་རེའུ་མིག་བཟོས་ནས་གཉེར་ཡུལ་དུ་ཡོངས་བསྒྲགས་བྱ་རྒྱུ་དང་། འཆར་འགོད་ཁུལ་གྱི་གྲོང་གསེབ་ཀྱི་གྲོང་མིའི་སྡོད་ཁང་འཛུགས་སྐྲུན་དོ་དམ་ལ་ཤུགས་སྣོན་བརྒྱབ་སྟེ་གྲོང་སྡེའི་ཁང་སའི་ཚད་གཞི་དང་། བཀོད་པ། བཟོ་སྐྲུན་མཐོ་ཚད། བཟོ་སྐྲུན་སྟུག་ཚད། བཟོ་སྐྲུན་ཉམས་འགྱུར་སོགས་ལ་བབ་མཚུངས་ཀྱི་མཛུབ་ཁྲིད་བྱ་རྒྱུ། གྲོང་གསེབ་འཛུགས་སྐྲུན་འཆར་འགོད་ཀྱི་ཆོག་མཆན་ལག་ཁྱེར་ཞིབ་བཤེར་ཆོག་མཆན་དང་གཤམ་སྤྲོད་དང་། ཡིག་ཚགས་དོ་དམ། དྲ་ཐོག་ཐོ་འགོད་བཅས་ཚད་ལྡན་དུ་བཏང་སྟེ་དུས་བཀག་གོང་ཞུ་དང་ལྟ་ཞིབ་ལམ་ལུགས་སོགས་བཟོས་པར་བརྟེན་ནས་གྲོང་གསེབ་འཛུགས་སྐྲུན་འཆར་འགོད་ཀྱི་ཆོག་མཆན་ལག་ཁྱེར་གཉེར་བའི་ལས་དོན་ཕྱོགས་ཡོངས་ནས་ཡག་པོ་བསྒྲུབ་རྒྱུ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།