འཚོལ་བཤེར།   
藏文频道
2018ལོའི་ཟླ་1ཚེས་11ཉིན།
  • མི་དམངས་དྲ་བ།

    ༄༅།།འཆར་གཞི་ཆེན་པོ་ལྔ་ནས་རང་རྒྱལ་གྱི་དཔལ་འབྱོར་ཉོ་ཚོང་གི་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 01ཚེས་11ཉིན། 10:52】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         ༡.འཛད་སྤྱོད་ཀྱི་རིམ་པ་སྤོར་བའི་བྱ་སྤྱོད་འཆར་གཞི།
              “འཛད་སྤྱོད་རིམ་སྤོར་གྱི་བྱ་སྤྱོད་འཆར་གཞི”ནི་ཚོང་དོན་པུའུ་ཡིས་དཔལ་འབྱོར་ཉོ་ཚོང་གི་རྒྱལ་ཁབ་སྟོབས་ལྡན་གྱི་དམིགས་ཚད་འགྲུབ་པར་བྱེད་པའི་འབྱུང་འགྱུར་ལོ་ལྔའི་རིང་གི་འཛད་སྤྱོད་ཁྱབ་ཁོངས་ཀྱི་ལས་ཀའི་བྱ་ཐབས་གཙོ་བོ་ཞིག་ཡིན་པ།
         ཚོང་དོན་པུའུ་ཡིས་ཕྱོགས་དྲུག་ནས་སྐུལ་འདེད་གཏོང་རྒྱུ་སྟེ།
         གྲོང་ཁྱེར་དང་གྲོང་གསེབ་ཀྱི་དམངས་ཕན་འཛད་སྤྱོད་ཞབས་ཞུ་ལྟེ་གནས་བསྐྲུན་རྒྱུ་དང་། ཚོང་དོན་ཁྱབ་ཁོངས་ཀྱི་འཛད་སྤྱོད་སྣེ་ཁྲིད་འདུ་འགོད་ལག་ལེན་བསྟར་རྒྱུ། རྒྱལ་སྤྱིའི་འཛད་སྤྱོད་ཀྱི་ལས་སྟེགས་གསར་པ་བཏོད་ནས་ལྗང་མདོག་འཛད་སྤྱོད་ལ་སྐུལ་འདེད་གཏོང་རྒྱུ། དེང་རབས་ཀྱི་མཁོ་སྤྲོད་འབྲེལ་ཐག་གཏོད་རྒྱུ། བློ་བདེའི་འཛད་སྤྱོད་ཁོར་ཡུག་བསྐྲུན་རྒྱུ་བཅས་རེད།
       ༢.ཉོ་ཚོང་གི་རྒྱལ་ཁབ་སྟོབས་ལྡན་གྱི་བྱ་སྤྱོད་འཆར་གཞི།
         ཕྱི་ཕྱོགས་ཉོ་ཚོང་གི་ལས་སྒོའི་རྣམ་པ་གསར་པ་སྐྱེད་སྲིང་ཧུར་ཐག་བྱས་ནས་ས་ཁོངས་སྒྲོལ་བའི་དྲ་ཐོག་ཚོང་དོན་གྱི་ཕྱོགས་བསྡུས་ཚོད་ལྟའི་ཁུལ་ཁོངས་འོས་འཚམ་ངང་ཆེ་རུ་གཏོང་རྒྱུ།
    ལས་སྣོན་ཉོ་ཚོང་གསར་གཏོད་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་དགེ་མཚན་ལྡན་པའི་ནང་འདྲེན་སྲིད་ཇུས་མུ་མཐུད་ལག་ལེན་བསྟར་ཏེ་ཀྲུང་གོའི་རྒྱལ་སྤྱིའི་ནང་འདྲེན་དངོས་མང་སྟོན་ཚོགས་སྐབས་དང་པོ་ཞིབ་ཚགས་གཉེར་རྒྱུ།
          རྒྱལ་ཡོངས་ཀྱི་འགག་སྒོ་སྒྲོལ་བའི་གཞི་གཅིག་ཅན་སོགས་ཀྱི་ཉོ་ཚོང་སྟབས་བདེའི་བྱ་ཐབས་ལ་སྐུལ་མ་གཏོང་རྒྱུ།
        ༣.ཕྱི་རྒྱལ་གྱི་མ་དངུལ་ལ་བརྟེན་ནས་སྐུལ་མ་གཏོང་བའི་བྱ་སྤྱོད་འཆར་གཞི།
    ཚོང་དོན་པུས་2020ལོའི་གོང་རང་རྒྱལ་འཛམ་གླིང་གི་ཕྱི་རྒྱལ་མ་དངུལ་སྤྱོད་པའི་རྒྱལ་ཁབ་ཆེན་པོ་ཨང་གཉིས་པར་འགྱུར་རྒྱུར་བརྩོན་ལེན་བྱས་ནས་ཕྱི་རྒྱལ་མ་དངུལ་གྱི་གྲུབ་ཆ་མུ་མཐུད་བཟང་སྒྲིག་བྱེད་དགོས་ལུགས་བཏོན་པ།
         ༤.ཕྱི་ཕྱོགས་ལ་མ་རྩ་འཇོག་པའི་གསར་གཏོད་བྱ་སྤྱོད་འཆར་གཞི།
          འབྱུང་འགྱུར་རང་རྒྱལ་གྱིས་ཕྱི་ཕྱོགས་ལ་མ་རྩ་འཇོག་པའི་རྒྱལ་ཁབ་ཆེན་པོ་ཨང་གཉིས་པ་ནས་འཛམ་གླིང་གི་ཕྱི་ཕྱོགས་ལ་མ་དངུལ་འཇོག་པའི་རྒྱལ་ཁབ་ཆེན་པོ་ཨང་དང་པོར་ཧུར་ཐག་འགྱུར་བར་བྱས་ནས་ཕྱི་ཕྱོགས་ལ་མ་དངུལ་གཏོང་ཚད་མུ་མཐུད་ཆེ་རུ་གཏོང་རྒྱུ།
         ༥.ཕྱོགས་མང་ས་ཁོངས་ཀྱི་དཔལ་འབྱོར་ཉོ་ཚོང་མཉམ་ལས་ཀྱི་བྱ་སྤྱོད་འཆར་གཞི།
         2020ལོར་སླེབས་སྐབས།
         རང་རྒྱལ་གྱི་གོ་ལ་ཧྲིལ་པོའི་དཔལ་འབྱོར་བཅོས་སྐྱོང་འཇོན་ཐང་མུ་མཐུད་ཆེ་རུ་བཏང་ནས་ཀྲུང་གོའི་འདོད་ཚུལ་དང་། ཀྲུང་གོའི་ཇུས་གཞི། ཀྲུང་གོའི་གྲོས་འགོ་བཅས་སྔར་བས་མང་བ་འདོན་རྒྱུ།
    2035ལོར་སླེབས་སྐབས།
         རང་རྒྱལ་གོ་ལ་ཧྲིལ་པོའི་དཔལ་འབྱོར་བཅོས་སྐྱོང་གི་སྣེ་ཁྲིད་གལ་ཆེན་དུ་འགྱུར་བ་བྱ་རྒྱུ།
      

    ཕྱོགས་བསྡུས་གསར་འགྱུར།