འཚོལ་བཤེར།   
藏文频道
2018ལོའི་ཟླ་1ཚེས་9ཉིན།
  • མི་དམངས་དྲ་བ།

    ༄༅།།ད་ལོའི་དཔྱིད་གསར་དུས་ཆེན་ལ་འགྲུལ་པ་སྐྱེལ་འདྲེན་མི་ཐེངས་དུང་ཕྱུར་29.8ཟིན་རྒྱུ་
    ཡིན་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 01ཚེས་09ཉིན། 13:49】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་1ཚེས་8ཉིན། རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ལེན་ཝེ་ལིའང་གིས་ད་ལོའི་དཔྱིད་གསར་དུས་ཆེན་ལ་སྐྱེལ་འདྲེན་བསྡོམས་འབོར་འཚང་ཁ་ཆེ་བ་ཅུང་ཆུང་དུ་སོང་ཞིང་། སྔོན་དཔག་བྱས་ན་རྒྱལ་ཡོངས་སུ་འགྲུལ་པ་སྐྱེལ་འདྲེན་བྱས་གྲངས་མི་ཐེངས་དུང་ཕྱུར་29.8ཟིན་རྒྱུ་ཡིན་ཞིང་། ན་ནིང་ལོ་དང་གཞི་རྩའི་ཆ་ནས་འདྲ་མཚུངས་ཡིན་ཞིང་།      སྐྱེལ་འདྲེན་མི་གྲངས་འཕར་ཚད་དེ་སྔོན་གྱི་ལོ་འགའ་དང་བསྡུར་ན་འཕར་ཚད་དལ་དུ་མངོན་གསལ་ཕྱིན་ཡོད་མོད། འོན་ཀྱང་འགྲུལ་པ་ཡོང་སའི་གྲུབ་ཚུལ་ལ་འགྱུར་ལྡོག་བྱུང་ཡོད་ཅིང་། མེ་འཁོར་དང་དམངས་སྤྱོད་མཁའ་འགྲུལ་སོ་སོར་འགྲུལ་པ་8.8%དང་10%འཕར་རྒྱུ་ཡིན་པས། སྔར་བཞིན་འཕར་ཚད་ཅུང་མགྱོགས་པོ་རེད་ཅེས་བརྗོད་པ་རེད།
         ལེན་ཝེ་ལིའང་གིས་ཉིན་དེར་འཚོགས་པའི་2018ལོའི་རྒྱལ་ཡོངས་ཀྱི་དཔྱིད་གསར་དུས་ཆེན་གྱི་སྐྱེལ་འདྲེན་སྐོར་གྱི་བརྙན་འཕྲིན་དང་ཁ་པར་ཚོགས་འདུའི་ཐོག་ད་ལོར་གཙོ་གནད་ས་ཁུལ་ཁ་ཤས་ཀྱི་མེ་འཁོར་དུ་འགྲུལ་པ་འཚང་ཁ་ཆེ་ཚུལ་ཅུང་ལྷོད་དུ་སོང་བ་རེད། ལན་ཀྲོའུ་ནས་ཁྲུང་ཆིང་བར་དང་། ཞི་ཨན་ནས་ཁྲེན་ཏུའུ་བར་སོགས་ལྕགས་ལམ་གསར་པ་ཁག་ཅིག་གཅིག་རྗེས་གཉིས་མཐུད་དུ་ཤར་གཏོང་བྱས་ཡོད་པས། སི་ཁྲོན་ཁྲུང་ཆིང་དང་། ནུབ་བྱང་ཕྱོགས་སུ་སྐྱོད་པའི་འགྲུལ་པ་སྐྱེལ་འདྲེན་ནུས་པ་ཆེ་རུ་བཏང་ཡོད་པས། ས་ཁུལ་འདི་དག་གི་འགྲུལ་སྐྱེལ་ནུས་པ་མི་འདང་བའི་གནས་ཚུལ་ལེགས་བཅོས་མངོན་གསལ་དོད་པོ་བྱུང་ཡོད་ཅེས་བརྗོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།