འཚོལ་བཤེར།   
藏文频道
2018ལོའི་ཟླ་1ཚེས་9ཉིན།
  • མི་དམངས་དྲ་བ།

    ༄༅།།ཉིའུ་གཡོད་ཀྱི་ཐེ་རོམ་ཕུ་ཐོག་བརྩེགས་ཁང་དུ་མེ་སྐྱོན་ཤོར་ནས་མི་2ལ་རྨས་སྐྱོན་ཕོག་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 01ཚེས་09ཉིན། 11:16】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།ཉིའུ་གཡོད་ཀྱི་ཐེ་རོམ་ཕུ་ཐོག་བརྩེགས་ཁང་དུ་མེ་སྐྱོན་ཤོར་ནས་མི་2ལ་རྨས་སྐྱོན་ཕོག་པ།
         མི་དམངས་དྲ་བའི་འཕྲིན། ཟླ་1ཚེས་8ཉིན། ཉིའུ་གཡོད་གྲོང་ཁྱེར་མེ་སྐྱོན་འགོག་གསོད་ཅུས་ཀྱིས་ཉིའུ་གཡོད་གྲོང་ཁྱེར་མན་ཧ་ཏུན་ཐེ་རོམ་ཕུ་ཐོག་བརྩེགས་ཁང་གི་ཁང་སྟེང་དུ་མེ་སྐྱོན་ཤོར་བ་དང་།  དེ་ལས་མི་2ལ་རྨས་སྐྱོན་ཕོག་ཡོད་ཅེས་བརྗོད་པ་རེད།
         ཚེས་8ཉིན་གྱི་སྔ་དྲོའི་ཆུ་ཚོད་7ཡས་མས་ཙམ་ལ། ཐེ་རོམ་ཕུ་ཐོག་བརྩེགས་ཁང་གི་དམིགས་བསལ་ལས་སྒྲུབ་མི་སྣས་ཁང་སྟེང་དུ་དུ་བ་འཕྱུར་བ་མཐོང་མ་ཐག་མེ་སྐྱོན་འགོག་གསོད་སྡེ་ཁག་ལ་སྙན་སེང་ཞུས་པ་རེད། ཨ་རིའི་ཙུང་ཐུང་ཐེ་རོམ་ཕུའི་ལས་རིམ་རེའུ་མིག་ལ་གཞིགས་ན། མེ་སྐྱོན་ཤོར་བའི་སྐབས་སུ་ཁོང་ནི་ཝ་ཧྲིན་ཐོན་དུ་ཡོད་པ་རེད།
         ཐེ་རོམ་ཕུའི་བུ་གཉིས་པ་ཨའེ་ལི་ཁེ·ཐེ་རོམ་ཕུ་ཡིས་ཉིན་དེར་སྤེལ་བའི་ཐུའེ་ཐེའི་ཐོག་ཏུ"ཐེ་རོམ་ཕུ་ཐོག་བརྩེགས་ཁང་ཁང་སྟེང་གི་གྲང་བཟོ་མཐོ་ལྕོག་ཞིག་ལ་གློག་ཤུགས་མེ་སྐྱོན་ཆུང་བ་ཞིག་ཤོར་བ་དང་། ཉིའུ་གཡོད་གྲོང་ཁྱེར་གྱི་མེ་སྐྱོན་འགོག་གསོད་ཅུས་ཀྱི་མི་སྣས་སྐར་མ་ཁ་ཤས་ནང་འདིར་སླེབས་སོང"ཞེས་བརྗོད་པ་རེད།
         ཐེ་རོམ་ཕུ་ཐོག་བརྩེགས་ཁང་ནི་ཉིའུ་གཡོད་གྲོང་ཁྱེར་མན་ཧ་ཏུན་གྲོང་དབུས་ཀྱི་ལམ་ཆེན་ལྔ་པར་ཡོད་པ་དང་། ཕོ་བྲང་དཀར་པོའི་ནང་དུ་གནས་སྤོ་མ་བྱས་གོང་དུ་ཐེ་རོམ་ཕུ་ཐོག་བརྩེགས་ཁང་ནི་ཐེ་རོམ་ཕུ་དང་ཁྱིམ་མི་རྣམས་ཉིའུ་གཡོད་དུ་སྡོད་ས་གཙོ་བོ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།