འཚོལ་བཤེར།   
藏文频道
2018ལོའི་ཟླ་1ཚེས་8ཉིན།
  • མི་དམངས་དྲ་བ།

    ༄༅།།ལྷ་ས་གྲོང་ཁྱེར་གྱིས་ལས་ཀར་ཞུགས་མ་ཐུབ་པའི་སློབ་ཐོན་སློབ་མ་ལས་ཀར་ཞུགས་པའི་ཁྲིད་
    སྟོན་གྱི་གསོ་སྦྱོང་འཛིན་གྲྭ་གཉེར་བ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 01ཚེས་08ཉིན། 16:33】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར། ལྷ་ས་གྲོང་ཁྱེར་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུད་ཀྱིས་གཙོ་གཉེར་བྱས་པ་དང་། ལྷ་ས་གྲོང་ཁྱེར་མཐོ་རིམ་སློབ་གྲྭ་སློབ་ཐོན་སློབ་མའི་ལས་གཏོད་མཐུན་ཚོགས་ཀྱིས་གཉེར་འགན་འཁུར་བའི་2017ལོའི་ལྷ་ས་གྲོང་ཁྱེར་གྱི་ལས་ཀར་ཞུགས་མ་ཐུབ་པའི་མཐོ་རིམ་སློབ་གྲྭ་སློབ་ཐོན་སློབ་མའི་ལས་ཞུགས་ལ་ཁྲིད་སྟོན་དང་སྤྱི་ཚོགས་ཀྱི་འགན་བཅོལ་གསོ་སྦྱོང་འཛིན་གྲྭའི་སློབ་འགོ་ཚུགས་པ་རེད།
         ལྷ་ས་གྲོང་ཁྱེར་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུད་ཀྱི་འབྲེལ་ཡོད་འགན་འཁུར་པས་ངོ་སྤྲོད་གནང་བར་གཞིགས་ན། ད་རེས་ཀྱི་གསོ་སྦྱོང་འཛིན་གྲྭ་དུས་ཡུན་ཉིན་གསུམ་དང་སློབ་ཁྲིད་གི་ནང་དོན་ནི་ལས་རིགས་ཀྱི་འཆར་འགོད་དང་། མི་ཤུགས་ཐོན་ཁུངས་དོ་དམ། དེ་བཞིན་སྤྱི་ཚོགས་འགན་སྲུང་། ལས་ཞུགས་ཀྱི་སྲིད་ཇུས་འགྲེལ་བཤད་སོགས་ཀྱི་སློབ་ཚན་ཡོད་པ་རེད། ད་རེས་ཀྱི་གསོ་སྦྱོང་རྒྱུད་ནས་མཐོ་རིམ་སློབ་གྲྭ་སློབ་ཐོན་སློབ་མའི་ལས་ཞུགས་བསམ་བློར་འགྱུར་ལྡོག་ཡོང་བ་དང་ནུས་པ་ཆེ་རུ་བཏང་སྟེ། ཁོ་ཚོར་གང་མགྱོགས་ངང་རང་བློར་འཐད་པའི་ལས་ཀ་རྙེད་པར་བྱེད་རྒྱུ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།