འཚོལ་བཤེར།   
藏文频道
2018ལོའི་ཟླ་1ཚེས་8ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱིས་ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཀྱི་ལྡོག་ལན་གནད་དོན་དག་ཐེར་ལེགས་
    བཅོས་བྱས་ནས་གཅིག་གྱུར་འཆར་འགོད་ཐོག་མཐུན་སྦྱོར་བྱེད་པའི་ཚོགས་འདུ་འཚོགས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 01ཚེས་08ཉིན། 15:50】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། ཟླ་དང་པོའི་ཚེས་5ཉིན་གྱི་སྔ་དྲོ། བོད་རང་སྐྱོང་ལྗོངས་ཀྱིས་ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཀྱི་ལྡོག་ལན་གནད་དོན་དག་ཐེར་ལེགས་བཅོས་བྱས་ནས་གཅིག་གྱུར་འཆར་འགོད་ཐོག་མཐུན་སྦྱོར་བྱེད་པའི་ཚོགས་འདུ་འཚོགས་ནས། ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཀྱི་ལྡོག་ལན་གནད་དོན་དག་ཐེར་ལེགས་བཅོས་ཀྱི་ལས་དོན་དང་འབྲེལ་ཡོད་དོན་དག་ཞིབ་འཇུག་དང་བཀོད་སྒྲིག་བྱས་ཡོད་པ་རེད།
         བོད་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ཀྲང་ཡུང་ཙེས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།
         གྲོས་ཚོགས་ཐོག་བླང་བྱ་བསྟན་དོན། ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་མཐོང་ཆེན་བྱས་པ་དང་། ངོས་འཛིན་གཏིང་ཟབ་བྱས་ཏེ། ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ལས་དོན་ཡག་པོ་བསྒྲུབས་ནས་གནད་དོན་དག་ཐེར་ལེགས་བཅོས་ཀྱི་ལས་དོན་དག་བོད་ལྗོངས་ཀྱིས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གྱི་བྱེད་ཐབས་གལ་ཆེན་ཞིག་ཏུ་བརྩིས་ནས། བསམ་བློ་དང་བྱ་སྤྱོད་གཉིས་ཀའི་ཐོག་ནས་ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཚོ་ཆུང་གི་ལྡོག་ལན་གྱི་གནད་དོན་དག་ཐེར་ལེགས་བཅོས་ཀྱི་བླང་བྱའི་ཐོག་གཅིག་གྱུར་ཡོང་བ་དང་། ཆབ་སྲིད་ཀྱི་འགན་འཁྲི་འཁུར་སེམས་ཆེན་པོ་དང་ལོ་རྒྱུས་ཀྱི་ལས་འགན་སྒྲུབ་སེམས་ཆེན་པོ་བཅངས་ཏེ། ནུས་ཤུགས་ཡོད་རྒུས་གནད་དོན་དག་ཐེར་དང་ལེགས་བཅོས་དོན་འཁྱོལ་གནད་འཁེལ་ཡོང་བའི་སྐུལ་འདེད་གཏོང་དགོས་པ་རེད།
         གྲོས་ཚོགས་ཐོག་ནན་གསུང་གནང་དོན། འགན་ནུས་ཚོ་ཆུང་ཁག་གིས་ཧྲུའུ་ཅི་ཝུའུ་དབྱིང་ཅེ་ཡི་ལྡོག་ལན་ཚོགས་འདུའི་སློབ་སྟོན་གལ་ཆེན་དང་ཀྲུའུ་ཞི་ཆེ་དགྲ་ལྷའི་ཆེད་དོན་ཚོགས་འདུའི་ཐོག་གི་བླང་བྱ་ནན་པོ་བཏོན་གནང་བར་གཞིགས་ནས། ཆབ་སྲིད་ཀྱི་ཚུགས་གནས་གཞི་ཐོ་ཏུ་བཏང་སྟེ་ད་རེས་ཀྱི་དག་ཐེར་ལེགས་བཅོས་དེ་བོད་ལྗོངས་འཕེལ་རྒྱས་གཏོང་སྟངས་བསྒྱུར་བ་དང་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་བྱེད་པའི་གོ་སྐབས་གལ་ཆེན་ཞིག་ཏུ་བརྩིས་དགོས། 
         རང་འགན་གཙང་སྒྲུབ་བྱས་ཀྱིས་དག་ཐེར་ལེགས་བཅོས་ཀྱི་གནད་དོན་རིམ་པར་གཤོང་བཅོས་དང་། དག་ཐེར་ལེགས་བཅོས་ཀྱི་ལས་དོན་བླང་བྱ་དོན་འཁྱོལ། བཀོད་པ་གཏོང་ཤུགས་ཆེ་རུ་གཏོང་བ། རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་། དག་ཐེར་ལེགས་བཅོས་ཞིབ་ཐོ་ཅན་དུ་བཀོད་པ་གཏོང་བའི་སྐུལ་འདེད་བཏང་བ། འཆར་འགོད་གཅིག་གྱུར་བཅས་བྱས་ནས། དུས་མཚམས་སྟངས་འཛིན་ཡག་པོ་དང་དག་ཐེར་ལེགས་བཅོས་ཀྱི་འཆར་གཞི་བཟོ་འགོད་ཞིབ་ཚགས་བྱས་ཏེ། བརྒྱུད་རིམ་ལྡན་པའི་ངང་ཁྱོན་ཡོངས་ནས་དག་ཐེར་ལེགས་བཅོས་ཀྱི་ལས་དོན་ལ་སྐུལ་འདེད་གཏོང་དགོས། མི་སྣ་དང་མ་དངུལ། སྒྲིག་ཁྲིམས་བཅས་འགན་སྲུང་བྱེད་ཤུགས་ཆེ་རུ་བཏང་ནས། དག་ཐེར་ལེགས་བཅོས་ལས་ཀའི་མྱུར་ཚད་མགྱོགས་སུ་གཏོང་བ་དང་། ཕུགས་ཕན་གྱི་ལམ་སྲོལ་འཛུགས་པ་བཅས་བྱས་ནས། གཏན་འབེབས་ཀྱི་དུས་བཀག་ནང་དག་ཐེར་ལེགས་བཅོས་ཀྱི་ལས་དོན་ལེགས་གྲུབ་ཡོང་བའི་འགན་ལེན་བྱེད་དགོས་ལུགས་བཏོན་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།