འཚོལ་བཤེར།   
藏文频道
2018ལོའི་ཟླ་1ཚེས་8ཉིན།
  • མི་དམངས་དྲ་བ།

    ༄༅།།སྐལ་བཟང་སྒྲོལ་དཀར་གྱིས་སྤྱི་ཁྱབ་ཧྲུའུ་ཅི་དང་ང་ཚོ་སེམས་པ་སྦྲེལ་ནས་ཡོད་ཅེས་བསྟན་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 01ཚེས་08ཉིན། 15:05】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ཟླ་3ཚེས་11ཉིན་གྱི་དགོང་མོར། ཞི་ཅིན་ཕིང་སོགས་ཇ་སྟོན་ཚོགས་འདུར་ཞུགས་པ།
    ཟླ་3ཚེས་11ཉིན་གྱི་དགོང་མོར། ཞི་ཅིན་ཕིང་སོགས་ཇ་སྟོན་ཚོགས་འདུར་ཞུགས་པ།
          མི་དམངས་དྲ་བའི་འཕྲིན། 2017ལོའི་ཟླ་3ཚེས་11གི་ཉིན་མོ་འདི་ནི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་དར་དམར་གྲོང་ཚོའི་ཏང་ཀྲི་པུའུ་ཡི་ཧྲུའུ་ཅི་དང་པོ་སྐལ་བཟང་སྒྲོལ་དཀར་ལ་མཚོན་ན་ཆེས་བརྗེད་པར་དཀའ་བ་ཞིག་ཡིན་ཏེ། རྒྱལ་ཡོངས་ཀྱི་ཚོགས་ཆེན་གཉིས་ཀྱི་གྲངས་ཉུང་མི་རིགས་ཀྱི་འཐུས་མི་དང་ཨུ་ཡོན་གྱི་ཇ་སྟོན་ཚོགས་འདུ་དེ་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་འཚོགས་ཤིང་། ཁོ་མོ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འགྲམ་དུ་སྡོད་སྐལ་བྱུང་བ་རེད།
           སྐབས་དེ་དུས་ཀྱི་རྣམ་པ་ཕྱིར་དྲན་བྱེད་དུས། སྐལ་བཟང་སྒྲོལ་དཀར་གྱིས་མི་དམངས་དྲ་བའི་གསར་འགོད་པར། སྤྱི་ཁྱབ་ཧྲུའུ་ཅི་ནི་སྤྲོ་སེམས་ལྡན་ལ་བྱམས་བརྩེ་ཡང་ཆེ་བ་ཞིག་རེད། སྤྱི་ཁྱབ་ཧྲུའུ་ཅི་སྐུ་མ་དང་བཀའ་མོལ་ཞུ་སྐལ་བྱུང་བ་འདི་ནི"རྨི་ལམ་དུའང་ཤར་མ་མྱོང"ཟེར།
          སྐལ་བཟང་སྒྲོལ་དཀར་གྱིས"ཇ་སྟོན་ཚོགས་འདུར་ཞུགས་མཁན་མི་རིགས་ཁག་གི་འཐུས་མི་ཚོས་བཞུགས་གནས་ཨང་རྟགས་བླངས་རྗེས། ང་རང་གི་སྡོད་གནས་ནི་སྤྱི་ཁྱབ་ཧྲུའུ་ཅིའི་ཟུར་དུ་ཡིན་པ་ཤེས་སྐབས། དངངས་འཚབ་ཆེ་ལ་དགའ་སྤྲོའང་ཚད་མེད་སྐྱེས་བྱུང"ཟེར།
          སྐལ་བཟང་སྒྲོལ་དཀར་གྱིས"སྤྱི་ཁྱབ་ཧྲུའུ་ཅི་ཕེབས་རྗེས། ང་རང་ལ་ཕྱགས་གཏོང་གནང་ཞོར་དུ། ཁྱེད་རང་སྡོད་དང་ཅེས་གསུངས་བྱུང་། མར་བསྡད་རྗེས། སྤྱི་ཁྱབ་ཧྲུའུ་ཅིས་ཁྲེང་ཀོན་ཆུས་ཀྱི་དབུལ་སྒྲོལ་ལས་དོན་སྒྲུབ་ཚུལ་ཇི་འདྲ་རེད་དམ་ཞེས་བཀའ་འདྲི་གནང་བྱུང་། ང་རང་གིས་སྤྱི་ཁྱབ་ཧྲུའུ་ཅིར་ད་ལྟ་ཞིང་ག་བཏབ་ན་ཁྲལ་འཇལ་མི་དགོས། སློབ་གྲྭར་སོང་ན་སློབ་ཡོན་སྤྲོད་མི་དགོས། སྨན་པ་བསྟེན་སྐབས་གྲོང་ཚོ་དང་བྲལ་མི་དགོས། རྒན་ཡོལ་ལ་སེམས་ཁྲལ་མི་འདུག  སྡོད་ཁང་ནི་གྲོང་ཁྱེར་ལས་ཞན་པ་མེད། ཚང་མས་སེམས་གཏིང་ནས་ཏང་གི་དབུ་ཁྲིད་ལ་བཀའ་དྲིན་ཞུ་བཞིན་འདུག་ཅེས་ཞུས་པ་སྤྱི་ཁྱབ་ཧྲུའུ་ཅིས་གསན་རྗེས་ཧ་ཅང་སྐུ་མཉེས་པོ་གནང་གིན་འདུག་པ་མ་ཟད། ད་དུང་ང་རང་བརྒྱུད་ནས་གྲོང་མི་ཚོར་འཚམས་འདྲི་ཞུས་སྟེ་ཚང་མའི་འཚོ་བ་སྔར་ལས་སྐྱིད་པོ་ཡོང་བའི་ཐུགས་སྨོན་གི་འདུག་"ཅེས་ཟེར།
          ཁོ་མོས"ཇ་སྟོན་ཚོགས་འདུའི་ཐོག་མི་རིགས་ཚང་མའི་འཁྲབ་སྟོན་ལེ་ཚན་སྤེལ་བ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཡིས་མི་རིགས་ཚང་མའི་ཁྱད་ཆོས་གསུངས་སོང་། སྤྱི་ཁྱབ་ཧྲུའུ་ཅིའི་གསུང་འདི་དག་ཉན་རྗེས། དངངས་འཚབ་རྦད་དེ་ཡལ་སོང"ཟེར།
          པེ་ཅིང་ནས་ཕྱིར་ལོག་རྗེས། སྐལ་བཟང་སྒྲོལ་དཀར་གྱིས་སྤྱི་ཁྱབ་ཧྲུའུ་ཅིའི་འཚམས་འདྲི་དང་སྨོན་འདུན་ཚང་མ་གྲོང་མི་ཚོར་བརྗོད་པ་དང་། གྲོང་མི་ཚོས་སྤྱི་ཁྱབ་ཧྲུའུ་ཅི་པེ་ཅིང་དུ་བཞུགས་ཤིང་། ང་ཚོ་དང་བར་ཐག་རིང་ན་ཡང་། ང་ཚོའི་སེམས་པ་སྦྲེལ་ནས་ཡོད། དུས་ནམ་ཞིག་ཡིན་ཡང་བོད་ལྗོངས་མི་རིགས་ཁག་གི་མི་དམངས་ལ་ཐུགས་ཁུར་གནང་བཞིན་ཡོད་པས། ང་ཚོར་འཚོ་བ་བདེ་སྐྱིད་ལྡན་པ་ཞིག་ཡོང་བའི་ཡིད་ཆེས་ཡོད་ཅེས་ཟེར་རོ།།
    གཞུང་ལས་ཁང་དུ་ལས་དོན་སྒྲུབ་བཞིན་པའི་སྐལ་བཟང་སྒྲོལ་དཀར།
    གཞུང་ལས་ཁང་དུ་ལས་དོན་སྒྲུབ་བཞིན་པའི་སྐལ་བཟང་སྒྲོལ་དཀར།
      

    ཕྱོགས་བསྡུས་གསར་འགྱུར།